ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་རྫོང་སྨན་བཅོས་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁོ་བསྟུན་ལ་སྦྱོང་བརྡར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས5ནས་ཚེས7ཉིན་བར་བདེ་ཆེན་རྫོང་གིས་སྨན་ཁང་དང་། སྡེ་ཁུལ་སྨན་ཁང་། ཤང་གྲོང་འཕྲོད་བསྟེན་ཁང་སོགས་རྫོང་ཡོངས་ཀྱི་སྨན་བཅོས་ལས་ཁུངས་སོ་སོ་སྒྲིག་འཛུགས་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་མཁོ་བསྟུན་ལ་སྦྱོང་བརྡར་བྱེད་པའི་བྱ་འགུལ་སྤེལ་ཏེ།   སྔོན་འགོག་གི་འདུ་ཤེས་དང་། བབ་བསྟུན་ཐག་གཅོད། བཀོད་འདོམས། མཐུན་སྦྱོར་བཅས་ཀྱི་ནུས་པ་ཆེ་རུ་བཏང་།

 སྦྱོང་བརྡར་བྱེད་པའི་ཁྲོད་ཚན་ཁག་སོ་སོས་གོང་འོག་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་བྱས་ནས་སྒོ་བསྟེན་སྨན་ཁང་དུ་ཚ་བ་རྒྱས་པའི་ནད་པ་སྨན་བཅོས་བྱེད་པའི་བརྒྱུད་རིམ་ལ་ལད་མོ་དང་།  སྨན་པས་ནད་པའི་ནད་རྒྱུས་འཚོལ་བསྡུ་དང་ལུས་དྲོད་ཚད་འཇལ་སོགས་ཀྱི་རིམས་ནད་ཐག་གཅོད་དང་། མི་སྒེར་གྱི་འགོག་སྲུང་དང་འགོག་སྲུང་གྱོན་ཆས་ཀྱི་ཚད་གཞི་བཅས་ལ་སྦྱོང་བརྡར་བྱས་པ་མ་ཟད།  དོགས་པ་ཡོད་པའི་ནད་པར་ཁྲག་ལེན་པ་དང་། དམར་དཔེ་སྐྱེལ་བ། མྱུར་སྐྱོབ་རླངས་འཁོར་འབོད་པ་སོགས་དང་། དུག་སེལ་ཚོགས་ཆུང་ཡུལ་དངོས་སུ་ཡོང་ནས་དུག་སེལ་ལས་དོན་སྤེལ་ཏེ་ལས་ཀའི་ལམ་བུ་བཏོད་པ་སོགས་ལ་སྦྱོང་བ་བྱས།

 སྦྱོང་བརྡར་བྱེད་སྐབས་དངོས་འཐབ་ཀྱི་ཚད་གཞི་གཞིར་བཟུང་ནས་སྒོ་བསྟེན་སྨན་བཅོས་དང་། ཚ་རྒྱས་སྒོ་བསྟེན་སྨན་བཅོས་དང་། སྨན་ཁང་དུ་སྨན་བཅོས་སྣེ་ལེན། རིམས་ནད་གནས་ཚུལ་སྙན་ཞུ་སོགས་ཀྱི་བརྒྱུད་རིམ་དང་། ཆ་འཕྲིན་སྣ་ཚོགས་ཐོ་འགོད་ཆ་ཚང་བཟོ་བ་དང་། སྨན་བཅོས་མི་སྣས་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཇུས་གཞི། ཐག་གཅོད་ཀྱི་རྩ་དོན་དང་ལས་ཀའི་བརྒྱུད་རིམ་ལ་ཆ་རྒྱུས་ཡོད་པ་བཅས་བྱས་ནས་སྔོན་དཔག་གི་དམིགས་ཚད་མངོན་འགྱུར་བྱུང་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།