ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱིས་སྔོན་འགོག་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་འཚམ་འདྲི་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱིས་མི་སྣ་རྩ་འཛུགས་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་གཟིགས་ཞིབ་དང་འཚམས་འདྲི་གནང་བ་རེད། 

ད་ཐེངས་ཀྱི་འཚམས་འདྲི་ལ་ཁུལ་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱིས་ཁུལ་སྨན་ཁང་དང་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་སྒོར་ཁྲི1གི་སྟབས་བདེའི་ཐུག་པ་དང་། གཏེར་ཆུ། འོ་མ། རློན་ཤོག་སོགས་འཚོ་བའི་དངོས་ཟོག་བསྐྱལ་བ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཁྲུག་གི་འཐབ་ཕྱོགས་དང་པོར་ཡོད་པའི་སྨན་བཅོས་མི་སྣ་ཚོར་བྱམས་བརྩེའི་འཚམས་འདྲི་གནང་ནས་ཚང་མས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། 

སྨན་བཅོས་མི་སྣས་ཀྲུང་དབྱང་གིས་བཏོན་པའི“ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་གཞི་ལག་བསྟར་བཅས་བྱེད་པའི”བླང་བྱ་མུ་མཐུད་དུ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་གཟབ་ནན་གྱི་རྣམ་འགྱུར་ལ་བརྩི་སྲུང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་འགན་ནུས་འདོན་སྤེལ་བྱེད་པར་ཧུར་ཐག་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།