ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་རྫོང་གིས་སྔོ་ཚལ་མཁོ་འདོན་འདང་ངེས་ཡོང་བར་འགན་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས7ཉིན་བདེ་ཆེན་རྫོང་གི་སྔོ་ཚལ་ཁྲོམ་རར་སྔོ་ཚལ་སྐྱེལ་ཡོང་བའི་རླངས་འཁོར་ཞིག་དུས་ཐོག་ཏུ་ཐོན་ཞིང་།  བདེ་ཆེན་རྫོང་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་འདོམས་པུའུ་ཡིས་གཏན་འཁེལ་བྱས་པའི་སྔོ་ཚལ་འཕྲལ་སྡོམ་མཁོ་འདོན་ཚོང་པའི་གྲས་ཤིག་ཡིན་པའི་ཡོས་ཁང་ཀུང་སིའི་འགན་འཁུར་པས་བཤད་རྒྱུར། སྔོ་ཚལ་འདི་དག་ནི་འབའ་ལུང་རྫོང་ནས་ཉོས་པ་དང་། སྔོ་ཚལ་འཕྲལ་སྡོམ་འགན་ལེན་ཐད་སྤྱོད་རྒྱུར་རྟོགས་རྗེས་གྲོས་མོལ་བྱས་པ་བརྒྱུད་བཙོང་མཁན་གྱིས་རྒྱ་མ་རེར་ཁྲོམ་རའི་རིན་གོང་ལས་སྒོར0.5ལས་དམའ་རུ་བཏང་ནས་ང་ཚོར་བཙོངས་པ་ཡིན་ཟེར། 

2.jpg

 གསར་འགོད་པས་ཁྲོམ་རར་སྔོ་ཚལ་གྱི་རིགས་ཧ་ཅང་མང་བ་མ་ཟད་ས་གནས་དེ་གའི་སྔོ་ཚལ་རིགས་ཀྱང་ཡོད་ལ། རིན་གོང་ཇེ་མཐོར་བཏང་བའི་གནས་ཚུལ་མི་ལེགས་པའང་བྱུང་མེད་ཅིང་། ཤིང་ཏོག་གི་རིགས་སྣ་ཚོགས་དང་ཤ་ཡི་རིགས་ཀྱང་མཁོ་འདོན་འདང་ངེས་ཡོད་པ་མཐོང་།  ཁྲོམ་རར་ལྟ་སྐུལ་ཞིབ་བཤེར་བྱེད་བཞིན་པའི་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཀྲང་ཀོ་ཀྲུང་གིས། བདེ་ཆེན་རྫོང་གི་སྔོ་ཚལ་མཁོ་སྤྲོད་ལ་རྩ་དོན་ཐོག་རང་ཁུལ་ནས་གཏོང་འདྲེན་བྱེད་པ་དང་། མིག་སྔར་ཁུལ་ཕྱི་རོལ་ནས་འདྲེན་པའི་སྔོ་ཚལ་མེད་པས་ཁྲོམ་རའི་སྒྲིག་ལམ་རྒྱུན་གཏན་ལྟར་བརྟན་པོ་ཡིན་པ་རེད་ཅེས་བཤད།

 མང་ཚོགས་ལ་མཁོ་ཆེ་བའི་སྔོ་ཚལ་རིགས་ལ་འགན་ལེན་བྱས་པ་ལས་གཞན། བདེ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འཕྲལ་སྡོམ་དངོས་ཟོག་འགན་ལེན་གསོག་འཇོག་ལ་ཚད་མཐོའི་མཐོང་ཆེན་བྱས་པས་མིག་སྔར་དངོས་ཟོག་འགན་ལེན་འདང་ངེས་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།