ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གི་མི6ལ་ཟུར་བཀར་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས5ཉིན། བདེ་ཆེན་རྫོང་གི་ནད་དཔེ་གཏན་འཁེལ་བྱས་པའི་ཡུལ་སྐོར་བ་དང་འབྲེལ་བ་ཡོད་པ་དང་། གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་མི་དྲུག་ལ་ཉིན14ཡི་གསོ་རིག་ཟུར་བཀར་ལྟ་ཞིབ་དུས་ཡུན་ནང་ལུས་དྲོད་རྒྱུན་ལྡན་ཡིན་པ་དང་། ནད་རྟགས་གཞན་པ་མེད་ལ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྲིབ་གཤིས་ཡིན་པས་ཉིན་དེའི་ཕྱི་དྲོར་ཟུར་བཀར་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཟླ1ཚེས21ཉིན་བསྟན་ཆེ་གེ་མོ་སོགས་མི6སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ནད་དཔེ་གཏན་འཁེལ་བྱས་པའི་ཡུལ་སྐོར་བ་དང་འབྲེལ་འདྲིས་བྱས་པའི་ལོ་རྒྱུས་ཡོད་པས། ཟླ1པོའི་ཚེས22ནས་ཚེས28ཉིན་བར་རང་ཁྱིམ་དུ་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱས་པ་དང་། དེའི་རིང་ལ་ཁོ་ཚོའི་ལུས་དྲོད་རྒྱུན་ལྡན་དང་རྒྱུན་ལྡན་མིན་པའི་ནད་རྟགས་བྱུང་མེད་དེ།   ཟླ1པོའི་ཚེས29ནས་ཟླ2པའི་ཚེས5ཉིན་བར་གཅིག་སྡུད་བརྟག་དཔྱད་ས་ཚིགས་སུ་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱས་པ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།