ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་ནག་པོ་དགུ་སྦྱོར་བཟོས་ནས་ཆམ་རིམས་སྔོན་འགོག་བྱས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2020-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ac4256a7-3637-406a-a251-278d6fcdae78.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས30ཉིན་གྱི་ཕྱི་དྲོར་བདེ་ཆེན་ཁུལ་བོད་སྨན་ཁང་གིས་ནག་པོ་དགུ་སྦྱོར་འབོར་ཐེངས་དང་པོ་ཐོན་སྐྱེད་བྱས་པ་རེད། ནག་པོ་དགུ་སྦྱོར་གྱི་ཕན་ནུས་གཙོ་བོ་ནི་ཚ་བ་དང་ཕྱི་རྟགས་སེལ་ཐོབ་པ་དང་།འགོས་ནད་ཀྱི་ཐོག་མའི་མི་བདེ་བའི་ནད་རྟགས་སེལ་ཐོབ་སྟེ། སྨན་འདི་སྨན་ཁུག་བཟོས་ནས་ལུས་ལ་བཏགས་ཆོག་པ་རེད།

76fee373-0768-4e66-88e5-6b4c4e5cb0a6.jpg

ནག་པོ་དགུ་སྦྱོར་ཐོན་སྐྱེད་བྱེད་བཞིན་པ།

སྨན་ཁང་འདིའི་འབྲེལ་ཡོད་འགན་འཁུར་བས་ནག་པོ་དགུ་སྦྱོར་ནི་བོད་སྨན་ནང་ཆམ་རིམས་སོགས་འགོས་ནད་ལ་སྔོན་འགོག་ཐོབ་པའི་སྲོལ་རྒྱུན་སྨན་རྫས་ཡིན་པས་ནད་ཐོག་ཏུ་ལོ་བརྒྱ་ཕྲག་སྤྱོད་ཡོད། བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་ཐོག་འབྲི་བར་ལྟར་ནག་པོ་དགུ་སྦྱོར་ནི་ཆམ་རིམས་སོགས་འགོས་ནད་ཀྱི་སྔོན་འགོག་ལ་ནུས་པ་ངེས་ཅན་ལྡན་པ་རེད་ཅེས་བཤད་བྱུང་།

ལུས་འདོགས་སྨན་ཁུག་བཟོ་བཞིན་པ།

ཏོག་དབྱིབས་ནད་དུག་གསར་པ་འགོས་བའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་།བདེ་ཆེན་ཁུལ་བོད་སྨན་ཁང་གིས་དང་ལེན་ཧུར་ཐག་བྱས་ཤིང་། སྨན་པ་ཡོངས་ལས་གནས་སུ་ཞུགས་པ་དང་འཕྲལ་བསྟུན་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཁང་དུས་ཐོག་ཏུ་བཙུགས་པ་རེད། སྨན་པ་དུས་ཚོད24ལ་ལས་རེས་བྱེད་དགོས་པར་བཀོད་སྒྲིག་བྱས་པ་ལས་གཞན། སྨན་པ་ཡོངས་ཀྱིས་ནག་པོ་དགུ་སྦྱོར་བཟོས་ནས་བོད་སྨན་གྱི་ཁྱད་ཆོས་དང་གནས་བབ་ལེགས་པོ་འདོན་སྤེལ་གང་ལེགས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།