ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་སྤྱི་བདེ་ཡིས་མི་དམངས་ལ་སྙན་སྒྲོན་ཞུ་བའི”བརྗོད་དོན་དྲིལ་བསྒྲགས་ཀྱི་འགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

fb5c381c-f94b-4e77-a9ef-c0825e2b571c_batchwm.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “འཇོན་མེད་སྒྱིད་ལུག་བཅོས་སྐྱོང་དང་། འགན་འཁྲིའི་འཁུར་ཚད་ཇེ་ཆེ། བྱེད་ཕྱོགས་གསར་བ་ལག་བསྟར།”ཞེས་པའི་བརྗོད་དོན་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གིས“འཕྲིན་སྟེགས་བརྒྱའི་སྙན་ཞུ་དང་། ཐང་ཆེན་སྟོང་གི་བྱེད་སྒོ། མི་དམངས་ཉེན་རྟོག་པ་ཆིག་ཁྲིའི་སྙན་ཞུ། མི་དམངས་ཁྲི་སྟོང་མང་པོའི་དཔྱད་བརྗོད”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཟླ1པོའི་ཚེས18ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས“བདེ་ཆེན་སྤྱི་བདེ་ཡིས་མི་དམངས་ལ་སྙན་སེང་ཞུ་བའི”བརྗོད་དོན་དྲིལ་བསྒྲགས་ཀྱི་ཐང་ཆེན་བྱེད་སྒོ་སྤེལ་ནས་མི་དམངས་ལ་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི2019ལོའི་བཀྲག་མདངས་འཚེར་བའི་ལས་དོན་སྙན་སེང་ཞུས་པ་རེད།

9effedbc-5f3e-420e-a846-4f7c2cdeed32_batchwm.jpg

བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་ཡིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུའུ་དང་། བདེ་ཆེན་ཁུལ་ནགས་ཚལ་སྤྱི་བདེ་ཅུའུ།  ཁུལ་སྤྱི་བདེ་ཅུའུ་བཅས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་དང་མཉམ་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ས་ཁུལ་གྱི་ཁྲི་བུ་ཁ་རྐང་ཐང་ཁྲོམ་གཞུང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་བདེ་ཆེན་རྫོང་སྤྱི་བདེ་ཅུའུ་དང་། ཝེ་ཞིས་རྫོང་སྤྱི་བདེ་ཅུའུ། གསར་སྤེལ་ཁུལ་སྤྱི་བདེ་ཡན་ལག་ཅུའུ་བཅས་ཀྱིས་ཡན་ལག་ཚོགས་ར་དུས་གཅིག་ཏུ་བཙུགས་ནས་དྲིལ་བསྒྲགས་འགྲེམས་སྟོན་གྱི་འགྲེམས་པང་དང་། དྲིལ་བསྒྲགས་ཡིག་ཆ་སྤྲོད་པ། “མི་དམངས་ལ་སྙན་སེང་ཞུ་བའི”དྲིལ་བསྒྲགས་བརྙན་རིས་སྟོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མི་དམངས་ལ་སྤྱི་བདེ་ལས་ཁུངས་ཀྱི་ལས་དོན་སྙན་སེང་ཞུས་ནས་སྤྱི་བདེ་དམག་གི་གཟུགས་བརྙན་མངོན་པར་བྱས། ལྟ་སྐུལ་དཔྱད་མོལ་དང་ལེན་བྱེད་པ་དང་། བསམ་འཆར་དང་གྲོས་འགོར་ཉན་པ་བཅས་ཀྱི་སྟེང་ནས་ཉེན་རྟོག་པ་དང་དམངས་དམག་བར་གྱི་འབྲེལ་བ་སྔར་བས་འཆམ་ཞིང་མཐུན་པར་བྱས་པ་རེད། 

e9975423-0abf-463d-8c1f-48890e0b011d_batchwm.jpg

བདེ་ཆེན་ཁུལ་གྱི་ས་བབ་མཐོ་ཞིང་ཁོར་ཡུག་ཞན་ལ་གནམ་གཤིས་བཟང་པོ་མེད་མོད། འོན་ཀྱང་བདེ་ཆེན་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས“གངས་ལྗོངས་སྤྱི་བདེའི་སེམས་པ་ཏང་ལ་ཕྱོགས། ས་མཐོའི་ཉེན་རྟོག་དམག་མིས་ཏང་གི་དར་ཆ་སྲུང་”བར་བྱས་ཏེ། ཡུན་ནན་བོད་རིགས་ས་ཁུལ་དུ་ལོ11ལ་བསྟུད་མར་རྒྱུན་མཐུད་བརྟན་ལྷིང་གི་རྣམ་པ་མངོན་ནས། “གྱོད་གཞི་ཉུང་བ་དང་། སྒྲིག་ལམ་ལེགས་པ། སྤྱི་ཚོགས་བརྟན་བརླིང་། མང་ཚོགས་བློ་ཡིད་ཚིམ་པ”བཅས་ཀྱི་བོད་རིགས་ས་ཁུལ་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་པ་འཛུགས་སྐྲུན་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད། ་རྗེས་མར་ཁུལ་སྤྱི་བདེ་ཅུའུ་ཡིས་དྲ་ཐོག་ཡོངས་བསྒྲགས་དང་། སྨྱན་སྦྱོར་འགྲེམས་སྟོན། ཉེན་རྟོག་པ་དང་མང་ཚོགས་ཀྱི་སྙིང་གཏམ་ཤོད་རེས། དཔྱིད་གསར་གྱི་འཚམས་འདྲི། དུད་ཚང་དུ་བཅར་འདྲིར་བསྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་བྱ་བ་ནས་འགོ་རྩོམ་པ་དང་མང་ཚོགས་ཆེས་བློ་ཡིད་མི་ཚིམ་པའི་གནས་ནས་བཅོས་སྒྱུར་བྱེད་འགོ་བཙུགས་ཏེ་སྤྱི་བདེ་ལས་ཁུངས་ཀྱིས“ཕྱོགས་གཅིག་གི་བརྟན་ལྷིང་འགན་ལེན་དང་། ཕྱོགས་གཅིག་གི་བདེ་འཇགས་སྲུང་སྐྱོང་བྱེད་པའི”འགན་འཁྲི་དང་ལས་འགན་གང་ལེགས་བསྒྲུབས་ནས“འཆམ་མཐུན་བོད་ཁུལ”གྱི་གཟུགས་བརྙན་གསར་པ་འཛུགས་པར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།