ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་སྲིད་གྲོས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་སྲིད་གྲོས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་འདུ་འཚོགས་པ་རེད། ཁུལ་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁུལ་སྲིད་གྲོས་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཧྲི་ཁྲོན་མིང་གིས་ཚོགས་འདུར་འགོ་འཛིན་གནང་།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་མ་ཟད། ཁུལ་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོའི་ཉམས་མྱོང་དང་བྱེད་ཐབས་ལ་ཕྱིར་དྲན་དང་སྤྱི་བསྡོམས་བྱས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཏང་གི་རང་ངོས་གསར་བརྗེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་པར་མུ་མཐུད་དུ་སྐུལ་འདེད་གཏོང་བའི་ཐད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ཁ་གསལ་གྱི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་སྟེང་ཏུའུ་ཡུང་ཁྲུན་གྱིས་ཁུལ་སྲིད་གྲོས་ལས་ཁུངས་ཀྱི་རིམ་པ་ཁག་གི་ཏང་ཙུའུ་དང་ཏང་ཡོན་ཡོངས་ཀྱིས་གཅིག་ནས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་བློ་སྟོབས་དང་རང་སྐྱོན་ངོས་ལེན་གྱི་རང་རྟོགས་ལ་བརྟེན་ནས་དག་ཐེར་དོན་འཁྱོལ་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ། གསུམ་ནས་རྩ་བར་དོ་དམ་དང་ཕུགས་རྒྱང་རིང་པ། ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་ཁེ་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ལམ་ལུགས་གཏན་འབེབས་དང་ལམ་ལུགས་ལག་བསྟར་གལ་ཆེན་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་། ལམ་ལུགས་དོན་འཁྱོལ་དམ་འཛིན་བྱས་ཏེ། བརྗོད་དོན་སློབ་གསོའི་ཡུན་རིང་གི་ཁེ་ཕན་གྱི་ལམ་སྲོལ་འཛུགས་སྐྲུན་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཐུབ་པར་ཁག་ཐེག་བྱེད་དགོས་པར་བསྟན།

བདེ་ཆེན་ཁུལ་སྲིད་གྲོས་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཧི་ཡུང་ཀྲུང་། ཁུལ་སྲིད་གྲོས་ཏང་ཙུའུ་ཁོངས་མི་དང་དྲུང་ཡིག་ཆེན་མོ། ལས་ཁུངས་ཏང་ཙུའུ་ཧྲུའུ་ཅི་ཧོའུ་ཅི་ལིན་དང་། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མི་དང་ལས་བྱེད་ལས་བཟོ་བ་ཡོངས་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།