ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་ལ་ཡུན་ནན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་སློབ་གསོའི་གསར་གཏོད་བྱེད་སྒོའི་ཁྲོད་བྱ་དགའ་ཨང་དང་པོ་གཉིས་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་མང་པོའི་རིང་བདེ་ཆེན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གྲྭ་གཏོད་པའི་བྱེད་སྒོ་ཧུར་ཐག་གིས་སྤེལ་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱལ་དམངས་སློབ་གསོའི་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། 2019ལོའི་ཡུན་ནན་ཞིང་ཆེན་གྱི་སྐབས་གསུམ་པའི་སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་གསར་གཏོད་བྱེད་སྒོའི་ནང་བདེ་ཆེན་ཁུལ་ལ་ཨང་དང་པོ་གཉིས་ཐོབ། 

བྱེད་སྒོའི་ནང་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཁག་གིས་ཕན་ཚུན་ལ་འགྲན་རྩོད་བྱས་ཏེ།       བདེ་ཆེན་ཁུལ་ལ་ཨང་དང་པོའི་གྲུབ་འབྲས་ཡག་པོ་གཉིས་ཐོབ་པའི་ནང་འཇོལ་རྫོང་སློབ་ཆུང་གསུམ་པའི《ཡོད་ཚད་མ་འོངས་པར་བརྩོན》ཞེས་པར་མི་རིགས་རོལ་དབྱངས་གསར་རྩོམ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་།ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི《ལས་རིགས་ཀྱི་ཉམས་འགྱུར་ངོམ་པ་དང་སྒྱུ་རྩལ་དར་སྤེལ་གཏོང་བ་ཞེས་པའི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་མི་རིགས་དུས་ཆེན་རིགས་ཀྱི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། དེ་དང་ཆབས་ཅིག་འཇོལ་རྫོང་སློབ་ཆུང་གསུམ་པའི་ཡུས་ཅེ་དང་ཡུས་ཆིའུ་ལན་དང་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཀྲང་ཅན་ཝུན་དང་། ཀྲའོ་ཀྲེན་ཡུས། ཆི་ཧྲའོ་ཧྲན། ཞ་ཞའོ་ཧྥུང་བཅས་ལ་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་གྱི་བྱ་དགའ་ཐོབ་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་དོན་ལ་མཐོང་ཆེན་ཧ་ཅང་ཆེན་པོ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་སློབ་ཁྲིད་ཕྱོགས་ཚང་མར་ཁྱབ་པ་བྱས་ནས“མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་དཔེ་སྟོན་སློབ་གྲྭ་ཧུར་ཐག་གིས་བཏོད་དེ་དཔེ་སྟོན་སློབ་གྲྭའི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། དེ་དང་ཆབས་ཅིག་ད་དུང་ཁུལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ“གཅིག་དྲུག”གི་བྱེད་སྒོ་སྤེལ་བ་སྟེ། མི་རིགས་མཐུན་སྒྲིལ་སློབ་གསོའི་བརྗོད་དོན་གཙོ་བོའི་འཛིན་གྲྭའི་རུ་ཁག་གི་ཚོགས་འདུ་ཞིག་འཚོགས་པ་དང་། གྲངས་ཉུང་མི་རིགས་ཀྱི་དཔའ་བོ་ཞིག་ཤེས་རྟོགས་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བཤད་པ། མི་རིགས་མཐུན་སྒྲིལ་གྱི་རྩོམ་ཡིག་འབྲི་བ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱས་ཏེ་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་མི་རིགས་ཁག་གི་སློབ་མ་སེ་འབྲུའི་འབྲུ་ལྟར་དམ་པོར་འཁྱུད་བཅུག་ཡོད།   །    

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།