སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དོན་དངོས་ལ་བསྟུན་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 

གྲོང་ཁྱེར་གྱིས་ནས་དང་། དུ་རྩྭ། ཞོག་ཁོག སྔོ་ཚལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སྔར་བས་ཡག་པོ་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་གྱི་སྣེ་འདྲེན་ཁེ་ལས་དང་། ཞིང་ལས་ཐོན་རྫས་ལས་རིགས་མཐུན་ཚོགས། གྲོང་གསེབ་ཀྱི་དཔལ་འབྱོར་རྩ་འཛུགས་བཅས་ལ་རོགས་སྐྱོར་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་ཐོན་རྫས་ཁྲོམ་ར་གསར་འབྱེད་དང་འཛུགས་སྐྲུན་བྱེད་པ། ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་པར་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་རེད།

2019ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་ཀྱིས་ནས་མུའུ་41340འདེབས་འཛུགས་ཁྱབ་གདལ་བཏང་བ་དང་། དུ་རྩྭ་མུའུ་10300ཁྱབ་གདལ་བཏོང་བ། ཞོག་ཁོག་མུའུ་32265ཁྱབ་གདལ་བཏང་བ་དང་པད་ཁ་མུའུ་19950ཁྱབ་གདལ་བཏང་བ། སྒོ་ཕྱུགས་ཆེ་ཆུང་སྔོན་དཔག་བྱས་ན་མགོ་གྲངས་349000ཡོད་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།