​ སྡེ་ཚན་མང་པོ་མཉམ་འབྲེལ་བྱས་ནས་གནམ་གྲུ་རྒྱུན་གཏོང་བྱ་རྒྱུར་འགན་སྲུང་བྱས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་ཁ་བ་བབས་པས་སེམས་ཀྱི་ཉི་ཟླའི་གནམ་ཐང་གི་རྒྱུག་ལམ་དུ་ཁངས་ཆགས་ནས་མཐོང་ཚད་དམའ་རུ་ཕྱིན་པ་དང་། གནམ་གྲུ་བདེ་འཇགས་ངང་འཕུར་མི་ཐུབ་པ་དང་འབབ་མི་ཐུབ་པར་གྱུར། ཟླ1པའི་ཚེས6ཉིན་གྱི་ཆུ་ཚོད11བར་དུ། སྔ་དྲོའི་གནས་གཞན་དུ་འཕུར་བའི་དུས་གཏན་གནམ་གྲུ་ཐེངས4ཚང་མ་འགོར་འགྱངས་བྱུང་བ་དང་འགྲུལ་པ་མི་ཐེངས298གནང་ཐང་དུ་ལུས།

 དུས་གཏན་གནམ་གྲུ་རྒྱུན་ལྡན་ལྟར་འཕུར་ཐུབ་པའི་ཆེད་དུ་གནམ་ཐང་གིས《ཁངས་འཁྱགས་མེད་པར་བཟོ་བའི་འཕྲལ་བསྟུན་སྔོན་ཇུས》དུས་ཐོག་ཏུ་སྤེལ་ཞིང་། ཁུལ་སྤྱི་བདེ་ཅུའུ་གནམ་ཐང་ཡན་ལག་ཅུའུ་དང་ཁུལ་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་གནམ་ཐང་ལ་རོགས་འདེགས་མཛད་དེ་ཁངས་སེལ་བ་དང་། ལས་བྱེད་མི་སྣ་དག་གིས་གྲང་ངར་ལ་མ་འཛེམས་པར་རྩ་འཛུགས་ཡོད་པ་དང་། དཀའ་ངལ་ཡོངས་སུ་སེལ་ཏེ་ནུས་ཤུགས་ཡོད་རྒུས་གནམ་གྲུ་རྒྱུག་ལམ་གྱི་ཁངས་སེལ་ལས་དོན་ནང་ཞུགས་ལ།  ཆུ་ཚོད3ཙམ་ལ་བསྟུད་མར་ལས་ཀ་བྱས་པས་གནམ་ཐང་གི་རྒྱུག་ལམ་དང་། རྒྱུག་ལམ་མཐའ་ཁུལ་གྱི་གློག་སྒྲོན་སྟེང་གི་ཁངས་གཙང་སེལ་བྱས་ནས་དུས་གཏན་གནམ་གྲུ་འཕུར་བསྐྱོད་བྱེད་པར་ཆ་རྐྱེན་བསྐྲུན་ཞིང་།  དེ་དང་ཆབས་ཅིག་གནམ་ཐང་གིས་ད་དུང《དུས་གཏན་གནམ་གྲུ་རྒྱུན་ལྡན་ལྟར་འཕུར་བསྐྱོད་མི་ཐུབ་པའི་སྔོན་ཇུས》སྤེལ་ནས་འབྲེལ་ཡོད་འགན་ལེན་ལས་དོན་ཡག་པོར་བསྒྲུབས་པ་དང་། ཚེས6ཉིན་གྱི་ཕྱི་དྲོའི་ཆུ་ཚོད15བར་གནམ་ཐང་རྒྱུན་ལྡན་ལྟར་སྒོ་ཕྱེ་ནས་འཕུར་བསྐྱོད་ཐུབ་པ་བྱུང་། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།