ཁ་བ་བབས་ཀྱང་སེམས་ཀྱི་ཉི་ཟླའི་སྔོ་ཚལ་མཁོ་འདོན་འདང་བ་རེད།

1.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པའི་ཚེས5ཉིན་ནས་ཚེས6གི་ཐོ་རེངས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཁ་བ་ཆེན་པོ་ཞིག་བབས་པ་དང་། གསར་འགོད་པས་གྲོང་ཁུལ་གྱི་སྔོ་ཚལ་ཁྲོམ་ར་དང་ཚོང་ཁང་མང་པོར་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སེམས་ཀྱི་ཉི་ཟླའི་འཚོ་བའི་མཁོ་ཆས་ཁྲོམ་རར་མཁོ་འདོན་འདང་བ་དང་རིན་གོང་བརྟན་པོ་ཡིན་པས་ཁ་བ་བབས་པའི་གནམ་གཤིས་ཀྱིས་ཤུགས་རྐྱེན་ཐེབས་མེད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླའི་སྔོ་ཚལ་མང་ཆེ་བ་ནི་བདེ་ཆེན་ཁུལ་གཙང་བོའི་བཞུར་རྒྱུད་ས་ཁུལ་དང་ཏ་ལི་སོགས་ས་ཁུལ་ནས་ཐོན་པ་དང་། སུར་པན་དང་། ཧོང་ཀྭ། སྲན་མ། ཏུང་ཀྭ། ནན་ཀྭ། ཙོང་། ཞོག་ཁོག་སོགས་གཙོ་བྱས་པའི་སྔོ་ཚལ་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པས་ཡུན་རིང་དུ་གསོག་ཉར་བྱེད་ཐུབ་པ་བྱུང་།

 ཡང་ཁ་བ་འབབ་པའི་གནམ་གཤིས་ལ་དམིགས་ནས་སེམས་ཀྱི་ཉི་ཟླའི་ཁྲོམ་ར་ཆེན་མོས་ད་དུང་འབྲེལ་ཡོད་འཚོ་བའི་མཁོ་ཆས་སོགས་ཀྱང་གྲ་སྒྲིག་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།