ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་སྤུས་ལེགས་བཟོ་གྲྭའི་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་ཁུན་མིང་དུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར2018ལོ་ནས2019ཡི་ལོ་འཁོར་གྱི་ཡུན་ནན་ཞིང་ཆེན་གྱི་སྤུས་ལེགས་བཟོ་གྲྭའི་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་ཁུན་མིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ཡུན་ནན་ཞིང་ཆེན་གྱི་སྤུས་ལེགས་བཟོ་གྲྭའི་བྱ་དགའ122དཔྱད་འདེམས་བྱས་པའི་ནང་བྱ་དགའ་ཨང་དང་པོ24དང་། བྱ་དགའ་ཨང་གཉིས་པ46  བྱ་དགའ་ཨང་གསུམ་པ52བཅས་ཡོད་པ་དང་། བྱ་དགའ་ཐོབ་པའི་བཟོ་གྲྭའི་འགན་འཁུར་ལས་ཁུངས་ཀྱི་རྣམ་གྲངས་ལག་རྩལ་གྱི་འགན་འཁུར་བ205ལ“ཡུན་ནན་ཞིང་ཆེན་གྱི་སྤུས་ལེགས་བཟོ་གྲྭའི་ལེགས་སྐྱེས་འབུལ་མཁན་འབུར་ཐོན་ཅན”གྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

2018ལོ་ནས2019ལོའི་བར་ཡུན་ནན་ཞིང་ཆེན་ལ་ཀྲུང་གོའི་བཟོ་གྲྭ་འཛུགས་སྐྲུན་གྱི་ལུའུ་པན་བྱ་དགའ9དང་རྒྱལ་ཁབ་ཀྱི་སྤུས་ལེགས་བཟོ་གྲྭའི་བྱ་དགའ་15ཐོབ་པའི་ནང་ཏ་ལི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱལ་ཁབ་ཀྱི་སྤུས་ལེགས་བཟོ་གྲྭའི་གསེར་གྱི་བྱ་དགའ་ཐོབ་པ་རེད།

ཡུན་ནན་ཞིང་ཆེན་གྱི་སྤུས་ལེགས་བཟོ་གྲྭའི་བྱ་དགའ་དེ1994ལོར་བཙུགས་པའི་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པའི་ཞིང་ཆེན་རིམ་པའི་བཟོ་གྲྭའི་སྤུས་ཚད་བྱ་དགའ་ཞིག་ཡིན་པ་མ་ཟད། ཡུན་ནན་ཞིང་ཆེན་འཛུགས་སྐྲུན་བཟོ་གྲྭའི་ཁྱབ་ཁོངས་ཀྱི་མཚན་སྙན་བྱ་དགའ་མཐོ་ཤོས་ཤིག་ཀྱང་ཡིན། བྱ་དགའི་དཔྱད་འདེམས་ནང་ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཡུན་ནན་ཞིང་ཆེན་དང་དེ་བཞིན་ཕྱི་རྒྱལ་དུ་འགན་གཙང་ལེན་དང་ལས་མཇུག་སྒྲིལ་ནས་སྤྱོད་འགོ་ཚུགས་པའི་ལྕགས་བཞུ་དང་། མདོག་ལྡན། རྫས་འགྱུར་བཟོ་ལས། གློག་ཤུགས། ཆུ་བེད། ལྕགས་ལམ། གཞུང་ལམ། གྲོང་སྲིད། ཆུ་ཐོག་སྐྱེལ་འདྲེན། འཕྲིན་གཏོང་། སྡོད་ཁང་འཛུགས་སྐྲུན་སོགས་ལས་གྲྭ་འཛུགས་སྐྲུན་གྱི་ལས་རིགས(ཆེད་ལས)ཁག་ཚུད་ཡོད་པས་བཟོ་གྲྭའི་འཛུགས་སྐྲུན་བརྒྱུད་རིམ་གྱི་ལས་རིམ་ཡོངས་སུ་ཁྱབ་ཡོད་པ་རེད། བྱ་དགའ་སྤྲོད་ཡུལ་ཁྱབ་ཁོངས་སུ་འཛུགས་སྐྲུན་སྡེ་ཚན་དང་། རྩད་ཞིབ་དང་། ཇུས་འགོད། ཨར་ལས། ལྟ་སྐུལ་དོ་དམ་སོགས་བཟོ་གྲྭའི་འཛུགས་སྐྲུན་ལ་ཞུགས་པའི་འབྲེལ་ཡོད་ཁེ་ལས་ཚུད་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།