ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་འགྲུབ་ལ་ཉེ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

397c1ce3-f798-4d49-ab15-55c4a30e1ae5.jpg

འཛུགས་སྐྲུན་བྱེད་བཞིན་པའི་འབྲི་ཆུའི་ཟམ་ཆེན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།མིག་སྔའི་བར་དུ།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་205.88བཏང་ཡོད་པ་རེད།འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་ཅུང་བཟང་བ་དང་ལམ་གཞི་ཚང་མ་ལེགས་གྲུབ་ཟིན་ཡོད།

8a572b72-4ab3-4c8d-949c-672027c40657.jpg

སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཆིན་ཁུའོ་ཡི་ལམ་དུམ།

ལམ་ཐིག་ཧྲིལ་པོའི་ལམ་གཞིའི་སྤྱིའི་རིང་ཚད་སྤྱི་ལེ་117.72ཡོད་པ་དང་རིམ་རྩིས་བྱས་ན་སྤྱི་ལེ་86.53ལེགས་གྲུབ་ཟིན་ཡོད་པ་རེད།  ཕུག་ལམ་ཐད་ལམ་ཐིག་ཧྲིལ་པོའི་ཕུག་ལམ་ཇུས་འགོད་ཀྱི་སྤྱིའི་རིང་ཚད་སྨི་79812.7ཟིན་པ་དང་སྤྱིའི་ལས་གཞིའི་93.6%ལེགས་གྲུབ་ཟིན་ཡོད་པ་རེད།

add133c6-c309-4d06-89bf-e7e1750357b4.jpg

ཡང་ཐང་གི་ཡང་དཀར་ཕུག་ལམ།

fd68c0cc-114e-4380-9e31-33a6cee398e5.jpg

འཛུགས་སྐྲུན་བྱེད་བཞིན་པའི་མྱུར་བགྲོད་གཞུང་ལམ་གྱི་རིན་བསྡུ་ས་ཚིགས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།