ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླས་རྒྱལ་སྤྱིའི་དགུན་དུས་འདབ་ཆགས་ལ་གཟིགས་པའི་དུས་ཆེན་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

༢.jpg

༣.jpg

༤.jpg

༥.jpg

༦.jpg

༧.jpg

༨.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དུས་ཡུན་ཉིན་གསུམ་རིང་སྤེལ་པའི“སྐྱེ་ཁམས་བདེ་ཆེན། ལྷ་ཡི་ཞིང་ཁམས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི2019ལོའི་སྐབས་བཞི་བའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་འདབ་ཆགས་གཟིགས་པའི་དུས་ཆེན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད།

 སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནི་ཀྲུང་གོའི་ནུབ་རྒྱུད་དུས་བྱ་འཕུར་སྐྱོད་བྱེད་པའི་ལམ་ཐིག་ཏུ་ཆགས་ཤིང་། མཚེའུ། ན་འདམ། སྤང་ཐང་། རི་མཐོ། ནགས་ཚལ་བཅས་མཉམ་དུ་སེམས་ཀྱི་ཉི་ཟླའི་རྙོག་འཛིང་ཆེ་བའི་མཐོ་སྒང་གི་འདམ་རའི་སྐྱེ་ཁམས་མ་ལག་གྲུབ་པ་རེད།  སེམས་ཀྱི་ཉི་ཟླའི་འདབ་ཆགས་རིགས་ཀྱི་ཐོན་ཁུངས་ནི་ནམ་ཡང་འདབ་ཆགས་རིགས་ཀྱི་ཚན་རིག་མཁས་བ་རྣམས་ཀྱིས་དོ་ཁུར་བྱ་ཡུལ་ཡིན་ལ། དེ་ནི“ཆུ་བྱ་ཞིབ་འཇུག”སྤེལ་བའི་ས་ཁུལ་གཙོ་བོ་ཞིག་ཀྱང་ཡིན།

 ཤེས་རྟོགས་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་འདབ་ཆགས་དུས་ཆེན་ཐོག་སྔ་ཕྱི་བསྡོམས་རྩིས་བྱས་ན་འདབ་ཆགས་རིགས206ཡོད་པ་ཤེས་རྟོགས་བྱུང་ལ། རིགས་གཙོ་བོ་ལ་ཁྲུང་ཁྲུང་སྐེ་ནག་དང་། ཆུ་བྱ་མགོ་སྔོན། ཀྲུང་ཧྭ་ཆུ་སྐྱར་ངང་བ། མཐོ་སྒང་གི་མཆིལ་པ། མཆིལ་པ་རྔ་རིང་། དཔུང་དཀར་གླག་སོགས་ཡོད།  ཟླ12པའི་ཟླ་སྟོད་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3275ཟིན་པའི་ནགས་ཕག་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་འདབ་ཆགས་རིགས་ཆུ་བྱ་ཚོན་མདོག་ཅན་ལ་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་པ་དང་། དེ་ནི་འདབ་ཆགས་རིགས་དེའི་འཚོ་བའི་ས་ཁོངས་མཐོ་ཤོས་ཀྱི་སྐྱེ་ཁམས་ཟིན་ཐོ་ཡིན།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམིངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཀྲི་པོ་ཡིས “བྱ་འགུལ་ནང་ཞུགས་མཁན་མི་ཚོགས་ཆེད་ལས་ནས་ཆེད་ལས་མིན་པའི་ཕྱོགས་སུ་བསྒྱུར་ཏེ། སེམས་ཀྱི་ཉི་ཟླའི་དགུན་དུས་ཀྱི་འདབ་ཆགས་དང་རང་བྱུང་འཚོལ་བསྡུ་བྱ་རྒྱུ་བརྗོད་བྱ་གཙོ་བོར་བཟུང་ནས་རིག་གནས་དང་ལུས་རྩལ་གྱི་ཡུལ་སྐོར་ཁ་ཕྱོགས་སུ་འཛིན་པའི་དམངས་ཡོངས་ཀྱི་འདབ་ཆགས་ལ་གཟིགས་པའི་དུས་ཚིགས་ཀྱི་བྱ་འགུལ་རྩ་འཛུགས་བྱས་པ་བརྒྱུད་དེ། ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་བསྐྲུན་པའི་ཐད་རམ་འདེགས་མཛད་པ་དང་། འདབ་ཆགས་གཟིགས་པའི་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཐོག་འདབ་ཆགས་རིགས་ཀྱི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། ཡུལ་སྐོར་ལམ་ཐིག་གི་ཡིད་དབང་འཕྲོག་ཤུགས་ཕུན་སུམ་ཚོགས་སུ་གཏོང་དགོས”ཞེས་བརྗོད། 

སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་འདབ་ཆགས་ལ་གཟིགས་པའི་དུས་ཆེན་འཚོགས་པ་དེས་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ཡུལ་སྐོར་དང་དགུན་དུས་ཡུལ་སྐོར། སྐྱེ་ཁམས་ལུས་རྩལ་ཡུལ་སྐོར་བཅས་ལ་གསོན་ཤུགས་གསར་བ་ཞིག་སྐྲུན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།