ཡུན་ནན་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་དུ་ད་ལོའི་ཡུལ་སྐོར་པ་སྐྱེལ་འདྲེན་བྱེད་ཚད་མི་གྲངས་ཁྲི60ལས་བརྒལ་བ།

W020191214338751313025.jpg

 ཚེས13ཉིན། ཡུན་ནན་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་དུ་ད་ལོའི་ཡུལ་སྐོར་པ་སྐྱེལ་འདྲེན་བྱེད་ཚད་མི་གྲངས་ཁྲི60ལས་བརྒལ། འདྲ་པར་ཡུན་ནན་གནམ་ཐང་ཚོགས་པས་མཁོ་འདོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གསར་འགོད་པས་ཡུན་ནན་གནམ་ཐང་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེརMU5940རྟགས་ཅན་གྱི་གནམ་གྲུ་བསྡད་དེ་ལྷ་ས་ནས་བདེ་ཆེན་དུ་སླེབས་པའི་ཡུལ་སྐོར་བ་ལིན་ཤང་ལན་ནི་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གི2019ལོའི་འགྲུལ་པ་ཁྲི60པར་གྱུར་ཞིང་། དེའི་ཐོག་ནས་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གི་ད་ལོའི་ཡུལ་སྐོར་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི60ལས་བརྒལ་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་པ་མཚོན་ཡོད།

W020191214338751462567.jpg

ཚེས13ཉིན་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་དུ་ད་ལོའི་ཡུལ་སྐོར་པ་སྐྱེལ་འདྲེན་བྱེད་ཚད་མི་གྲངས་ཁྲི60ལས་བརྒལ། འདྲ་པར་ཡུན་ནན་གནམ་ཐང་ཚོགས་པས་མཁོ་འདོན་བྱས།

ཉིན་དེར་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེང་ཕུང་གིས་བདེ་ཆེན་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་སྣེ་ཁྲིད་དེ་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་དུ་དངོས་སུ་ཕེབས་ནས་རྟེན་འབྲེལ་ཞུས་པ་མ་ཟད། གནམ་གྲུའི་ཐོག་གི་ལས་སྒྲུབ་མི་སྣ་དང་ལས་བསོད་བཟང་པའི་འགྲུལ་པ་རྣམས་ལ་ཁ་བཏགས་ཕུལ་བ་དང་རིན་མེད་གནམ་གྲུའི་སྤ་སེ་སྤྲད་པ་རེད།

བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གནམ་ཐང་ནི་ཀྲུང་དབྱང་གིས་བོད་རིགས་ས་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་ཤར་རྒྱུད་བོད་རིགས་ས་ཁུལ་གསར་སྤེལ་བྱེད་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། ཡུན་ནན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ལ་གཙོ་གནད་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཤིག་ཡིན་ཞིང་། 1998ལོའི་ཟླ1པོའི་ཚེས4ཉིན་ལས་འགོ་བཙུགས་པ་དང1999ལོའི་ཟླ4པའི་ཚེས30ཉིན་འཛུགས་བསྐྲུན་ལེགས་འགྲུབ་ཟིན་ནས་ད་བར་བདེ་འཇགས་ངང་ལས་སྒོ་གཉེར་དེ་ལོ20འགོར་བས། རྒྱལ་ཡོངས་མཐོ་སྒང་གི་གནམ་ཐང19དང་བོད་རིགས་ས་ཁུལ་གྱི་གནམ་ཐང17ཁྲོད་ཀྱི་གནམ་ཐང་ཆེ་གྲས་གཉིས་པར་གྱུར་ཡོད།

ལོ20ཡི་རིང་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་དུས་ཐེངས་གཉིས་པ་དང་གསུམ་པའི་རྒྱས་སྐྲུན་ལས་གྲྭ་སྔ་རྗེས་སུ་ལེགས་གྲུབ་ཟིན་པ་དང་། མཁྲེགས་ཆས་ཀྱི་ཆུ་ཚད་བོད་རིགས་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད། སེམས་ཀྱི་ཉི་ཟླ་ནས་ཁུན་མིང་དང་། ཁྲེང་ཏུའུ། ལྷ་ས། ཀོང་ཀྲོའུ། ཧྲེན་ཀྲེན། ཧྲང་ཧའེ། ཤིས་ཧྲོང་པན་ན། ཁྲུང་ཆིང་། པེ་ཅིང་། ཧང་ཀྲོའུ། ཁྲང་ཧྲ། མང་ཧྲི། ཞིས་ཨན་སོགས་ཀྱི་མཁའ་ལམ་མང་པོར་སྔ་རྗེས་སུ་ཤར་གཏོང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་རྒྱལ་སྤྱིའི་མཁའ་འགྲུལ་འགག་སྒོ་གནས་སྐབས་སྒོ་ཕྱེ་ནས་རྒྱལ་སྤྱིའི་མཁའ་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།