ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཞི་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་འགོ་ཚུགས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f327eb9c-52bc-455a-8609-10b1d95dd526.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12པའི་ཚེས་11ཉིན།  སྐྱེ་ཁམས་ཀྱི་བདེ་ཆེན་ནི་འདབ་ཆགས་ཀྱི་ལྷ་ཡུལ་ཡིན་ཞེས་པ་བརྗོད་བྱའི་གཙོ་བོ་བྱས་པའི་2019ལོའི་སྐབས་བཞི་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་དེ་སེམས་ཀྱི་ཉི་ཟླར་འགོ་ཚུགས།

8b281655-85dd-4980-95ea-1bad939e7a4d.jpg

བྱ་རིགས་ལ་ལྟ་བཞིན་པ།

2016ལོ་ནས་བཟུང་། སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སྐབས་གསུམ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཡོད་ལ། སྐྱེ་ཁམས་ཀྱི་བདེ་ཆེན་ནི་འདབ་ཆགས་ཀྱི་ལྷ་ཡུལ་ཡིན་ཞེས་པ་བརྗོད་བྱའི་གཙོ་བོར་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་བྱ་རིགས་མཐུན་ཚོགས་50ལྷག་བཀུག་ཡོད། བྱེད་སྒོ་འགོ་ཚུགས་པའི་ཚུན་དུ་སེམས་ཀྱི་ཉི་ཟླར་ཁྱོན་བསྡོམས་བྱ་རིགས་206ལྟ་འཇལ་ཐུབ་ཡོད་པ་རེད།

1e1b71a4-474f-4bb4-ba10-69f7f43e0406.jpg

བྱ་རིགས་སྣ་ཚོགས།

སྐབས་བཞི་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་ནི་མཁས་མཆོག་གདན་ཞུ་འགྲན་བསྡུར་དང་ནགས་ཕག་མཚོའི་བྱ་གཟིགས་དུས་ཚིགས། བྱ་གཟིགས་དུས་ཆེན་གྱི་གྲུབ་འབྲས་འགྲེམ་སྟོན་བཅས་ཁག་གསུམ་པོར་བགོས་ཡོད་ལ།  ཟླ་12པར་མཁས་མཆོག་གདན་ཞུ་འགྲན་བསྡུར་འགོ་ཚུགས་ཏེ་རྒྱལ་སྤྱིའི་བྱ་གཟིགས་ལས་རིགས་ཁྲོད་ཀྱི་ཤུགས་རྐྱེན་ཡོད་པའི་རུ་ཁག་དང་མི་སྒེར་གདན་ཞུས་ནས་འགྲན་བསྡུར་དུ་ཞུགས་པ་དང་།  ས་གནས་ནི་སེམས་ཀྱི་ཉི་ཟླའི་ནགས་ཕག་མཚོ་དང་སུམ་རྩེན་གླིང་དགོན་པ།  འབའ་ལུང་གི་མཐའ་ཆུ་དང་ཕན་ཐན་ཀའོ་ཤང་བཅས་སུ་ཡིན།  ད་ལོའི་ཟླ་12པ་ནས་སང་ལོའི་ཟླ་1པོའི་བར་བྱ་གཟིགས་ལས་རིགས་ཀྱི་མི་སྣ་དང་པར་ལེན་ལ་དགའ་མཁན། སློབ་མ། ཡུལ་སྐོར་བ་སོགས་ཚོགས་པས་ནགས་ཕག་མཚོའི་བྱ་གཟིགས་དུས་ཚིགས་འགོ་ཚུགས་པ་དང་། ནགས་ཕག་མཚོའི་ཡུལ་སྐོར་ལམ་ཐིག་དང་བྱ་གཟིགས་ཞབས་ཞུ་དྲིལ་བསྒྲགས་བྱས་པ། སང་ལོའི་ཟླ་3པར་བྱ་གཟིགས་དུས་ཆེན་གྱི་གྲུབ་འབྲས་འགྲེམ་སྟོན་བྱ་རྒྱུ་ཡིན་པ་རེད།

cdeba407-b66e-408b-a1af-727a5e3b547b.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།