ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་སྐད་གསུམ་གྱེར་འདོན་འགྲན་བསྡུར་བསྡུས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

62754bbd-1c0f-4183-a1cc-4575e32c6ea7.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས9ཉིན།  བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་12•9ལ་དྲན་གསོ་བྱས་པ་དང་སྙིང་རྗེས་ཀྲུང་ཧྭ་ལ་བསྟོད་བསྔགས་བྱས་ཞེས་པ་བརྗོད་བྱའི་གཙོ་བོར་བྱས་པའི་རྒྱ་སྐད་དང་དབྱིན་སྐད།  བོད་སྐད་བཅས་གསུམ་པོའི་གྱེར་འདོན་འགྲན་བསྡུར་བསྡུས་པ།

e8e8163d-f888-4b81-bbfa-0ce7d1bdd51b.jpg

12•9འགུལ་སྐྱོད་ནི་དུས་ཚོད་དང་བསྟུན་ནས་ལོ་རྒྱུས་སུ་གྱུར་ཡོད་ལ། དེ་ལྟ་བུའི་རྒྱལ་གཅེས་ཀྱི་སྤྲོ་སེམས་ནི་ད་བར་དུ་ཕྱིར་འཁོར་ཡོད།  བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་ཐེངས་འདིའི་བྱེད་སྒོ་འདི་ཉིད་གོ་སྐབས་སུ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་།  མེས་རྒྱལ་དང་མཉམ་དུ་འབད་འཐབ་བྱེད་པ་དང་སློབ་གྲྭ་དང་མཉམ་དུ་དར་འཕེལ་གཏོང་བའི་དུས་རབས་གསར་པའི་ཉམས་འགྱུར་མངོན་ཡོད།

fdd70714-e439-4568-926e-eaa760998c9a.jpg

འགྲན་བསྡུར་དུ་ཞུགས་པའི་ལེ་ཚན་29ནི་འགྲན་ཞུགས་པ་རྣམས་ཀྱི་རྣམ་འབྱེད་འོག  སློབ་གྲོགས་ཚོའི་མེས་རྒྱལ་ལ་བཅངས་བའི་བརྩེ་སེམས་ཟབ་མོ་དབང་མེད་མངོན་ཡོད།

མཇུག་ཏུ་དཔྱད་འདེམས་པས་གར་སྟེགས་ཀྱི་འཁྲབ་སྟོན་བྱེད་ཐབས་དང་ གྱེར་འདོན་ཐབས་རྩལ། བརྩེ་དུང་ཐག་གཅོད་སོགས་ཀྱི་ཐད་ནས་ཐེངས་འདིའི་གྱེར་འདོན་འགྲན་བསྡུར་ནང་གི་ཕུལ་བྱུང་བདམས་ཐོན་པ་བདམས་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།