སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་ཏང་རྩ་འཛུགས་འགོ་ཁྲིད་ཚན་ཁག་གིས་བརྗོད་དོན་སློབ་གསོའི་དམངས་གཙོའི་འཚོ་བའི་ཆེད་དོན་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས9ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་ཏང་རྩ་འཛུགས་ཚན་ཁག་གིས“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་”ཞེས་པ་དང་ཆིན་ཀོང་རོང་གི་གྱོད་དོན་སློབ་གསོ་བསྡུ་ལེན་གྱི་དམངས་གཙོ་འཚོ་བའི་ཆེད་དོན་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་། འགོ་ཁྲིད་ཁོངས་མིས་དམངས་གཙོ་འཚོ་བའི་ཆེད་དོན་ཚོགས་འདུ་ལ་གཞིགས་ཏེ། རང་སྐྱོན་རང་བརྗོད་དང་ཕན་ཚུན་སྐྱོན་བརྗོད། བསམ་འཆར་འདོན་རེ་བཅས་བྱས་ནས་ནོར་འཁྲུལ་ཡོ་བསྲང་དང་། ཕན་ཚུན་སྐུལ་སྤེལ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཕན་འབྲས་ཐོན་ཡོད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་རྩ་འཛུགས་ཚན་ཁག་གིས་གཤམ་གསལ་གྱི་ལས་དོན་ཁག་གསུམ་དམ་འཛིན་བྱས་ནས་སྣེ་ཁྲིད་གང་ལེགས་བྱ་དགོས། གཅིག་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། བྱེད་ཐབས་ཞིབ་ཕྲ་དང་དུས་བཅད་གཏན་འཁེལ་བཟོས་ནས་དུས་བཀག་གཏན་འབེབས། རང་སྐྱོན་རང་བརྗོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་མི་གཞན་གྱི་སྐྱོན་བརྗོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་གྱིས་ལས་ཀའི་གནད་དོན་དང་བསམ་བློའི་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་བྱེད་པ་དང་། ཞིབ་ཕྲའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱེད་དགོས་ལ་ལྷག་པར་དུ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་དོ་སྣང་ཆེན་བྱེད་དགོས། གཉིས་ནི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་ལ་སློབ་སྦྱོང་། ཆིན་ཀོང་རོང་གི་གྱོད་དོན་གྱི་སློབ་གསོ་སྡུད་ལེན་གཏིང་ཟབ་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་གཏིང་ཟབ་བྱས་ནས། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོར་བརྟེན་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གསུམ་ནི་དངོས་སྒྲུབ་འགན་འཁུར་མཐའ་འཁྱོངས་བྱས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱེད་པ་དང་། “དཀའ་གནད་སེལ་ཕོད་པ་”དང་“ཉེན་ཁ་ལས་སྒྲོལ་ཕོད་པའི་”བློ་སྟོབས་ལ་བརྟེན་ནས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་དེ་བཞིན་བསྒྱུར་འཕེལ་བརྟན་གསུམ་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།