སེམས་ཀྱི་ཉི་ཟླར་ཁ་བ་བབས་བྱུང་།

04b0070c-60b7-4bda-ac46-92ad011f6475.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12ཚེས་4ཉིན། སེམས་ཀྱི་ཉི་ཟླར་ཁ་བ་ཐོག་མ་བབས་པ་རེད། ཆུ་ཚོད་གཉིས་ཙམ་རིང་ཁ་བ་ལྷབ་ལྷུབ་བབས་ནས། དགུན་དུས་ཀྱི་སེམས་ཀྱི་ཉི་ཟླར་ལྭ་བ་དཀར་པོ་བཀླུབས་པས་དཀར་ལྷང་ལྷང་གི་འཇིག་རྟེན་དུ་གྱུར། ཁ་བ་བབས་རྗེས་ཀྱི་ཞོགས་པའི་ནག་ཕག་མཚོ་རུ་མཚོ་སྤྲིན་ལང་ལོང་འཁྲུག་ཅིང་། སྟར་སྒྲིག་པའི་བོད་ཁང་དུ་དུ་བ་ལྷོག་ལྷོག་དགུང་དུ་འཕྱུར་བ་དང་། དུས་བྱ་ནི་ལྷིང་འཇགས་ཁྲོད་གཉིད་ལས་སད་པས་ན། སེམས་ཀྱི་ཉི་ཟླ་ནི་དུས་རྒྱུན་ནམ་ལས་ཀྱང་མཛེས་སྡུག་གི་ལྷ་ཡུལ་ལྟ་བུར་གྱུར་ཡོད། 

2d528d87-8c3d-4931-9b45-06ba67947cdf.jpg

ཤེས་རྟོགས་བྱུང་བར་གཞིགས་ན། 2109ལོའི་ཟླ་12ཚེས་4ཉིན། བདེ་ཆེན་ཁུལ་གྱི་རྒྱ་མཚོའི་ངོས་ལས་ས་བབས་མཐོ་བའི་ས་ཁུལ་དུ་གཞི་རྒྱ་ཆེའི་ཁ་བ་ཐོག་མ་བབས་པ་དང་། དེའི་ཁྲོད་དུ་བདེ་ཆེན་རྫོང་དུ་ཁ་བ་0.8mmབབས་ཤིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཁ་བ་1.0mmབབས་ཡོད། སྔོན་རྩིས་བྱས་ན་མ་འོངས་པའི་གཟའ་འཁོར་གཅིག་གི་ནང་དུ་བདེ་ཆེན་ཁུལ་གྱི་རྒྱ་མཚོའི་ངོས་ལས་ས་བབས་མཐོ་བའི་ས་ཁུལ་དུ་ད་དུང་ཁ་བ་ཆུང་ཆུང་ཐེངས་གཅིག་འབབ་རྒྱུ་ཡོད་ཅིང་། དེ་མིན་གྱི་དུས་ལ་གནམ་དྭངས་བ་གཙོ་བོ་རེད་འདུག འདིར་དྲན་སྐུལ་ཞུ་དོན། ཁ་རྗེས་གནམ་དྭངས་བར་དྲོད་ཚད་མར་ཆགས་པ་མངོན་གསལ་ཆེ་ཞིང་། སྔོན་རྩིས་བྱས་ན། ཚེས་6དང་ཚེས་7ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་དྲོད་ཚད་ཆེས་དམའ་བ་ནི་གོར་ཐིག་འོག་གི་ཏུའུ་15ཡས་མས་ལ་མར་ཆགས་རྒྱུ་ཡིན་ཞིང་། འཇོལ་རྫོང་དུ་དྲོད་ཚད་གོར་ཐིག་འོག་གི་ཏུའུ་10ལ་ཆགས་རྒྱུ་རེད། རྒྱ་ཆེའི་གྲོང་མི་དང་འབྲེལ་ཡོད་སྡེ་ཁག་གིས་གྲང་འགོག་དྲོད་སྲུང་དང་འཁྱགས་རེངས་ཐེབས་པར་སྔོན་འགོག་བྱེད་དགོས་པ་དང་། དུས་མཚུངས་སུ་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས། 

381cde28-bcc8-4417-8c20-4c0aad07ad97.jpg

bd301585-444f-45d0-a25b-1df49293a06e.jpg

c1ff4265-251c-482b-af39-c7b5c9910cdc.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།