ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་དགུན་དུས་ཀྱི་ཡུལ་སྐོར་ལམ་ཐིག་སྤུས་གཙང་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་དང་ཁྲུང་ཆིང་དུ་བསྡུས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

be62adb7-c74f-40b9-8c9a-a46aae1b654e.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་12པའི་ཚེས་7ཉིན་ནས་ཚེས་8ཉིན་གྱི་བར་དུ།  སེམས་ཀྱི་ཉི་ཟླའི་དགུན་དུས་ཀྱི་ཡུལ་སྐོར་ལམ་ཐིག་སྤུས་གཙང་གི་འོས་སྦྱོར་ཚོགས་འདུ་དེ་ཁྲེང་ཏུའུ་ཁོན་ཀྲའེ་སྲང་ལམ་གྱི་ཐང་ཆེན་དང་ཁྲུང་ཆིང་བཅིངས་འགྲོལ་རྡོ་རིང་གི་རྐང་ཐང་ཁྲོམ་ལམ་དུ་དུས་ཡུན་ཉིན་2རིང་གི་ལམ་འཁྲབ་བྱས། ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལམ་ཐིག་སྤུས་གཙང་དང་དགུན་དུས་ཀྱི་ཡུལ་སྐོར་ཐོན་རྫས་འགྲེམ་སྤེལ་བྱས་ནས་ས་གནས་དེ་གཉིས་གའི་གྲོང་མི་དང་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་རྣམས་ལ་གདན་ཞུ་བྱས་པ་རེད།

6bf8de25-9b40-49b2-9c56-589f3bf4a990.jpg

ཐེངས་འདིའི་བྱེད་སྒོ་ནི་སྔར་ལས་ལྷག་པར་བདེ་ཆེན་གྱི་ཡུལ་སྐོར་ཐོན་རྫས་དང་ཡུལ་སྐོར་ལམ་ཐིག་དྲིལ་བསྒྲགས་དང་སྐུལ་ཚོང་བྱེད་པ་དང་།  མཐའ་འཁོར་གྱི་གྲོང་ཁྱེར་བར་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེར་གཏོང་བ། ཕྱོགས་ཡོངས་ནས་བདེ་ཆེན་སེམས་ཀྱི་ཉི་ཟླའི་དམིགས་གསལ་གྱི་རང་བྱུང་ཐོན་ཁུངས་དང་མི་ཆོས་མཛེས་ལྗོངས་མངོན་ནས་ནུས་ལྡན་སྒོས་བདེ་ཆེན་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཀྱི་སྐད་གྲགས་ཚད་མཐོར་གཏོང་བའི་ཆེད་དུ་ཡིན།

f56e70c8-5520-4c56-b071-58de57e209d2.jpg

ཟླ་12པ་ནས་བཟུང་།  བདེ་ཆེན་གྱིས་སེམས་ཀྱི་ཉི་ཟླའི་སྐབས་བཞི་པའི་དགུན་དུས་ཀྱི་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་དགུན་དུས་པར་ལེན་ཡུལ་སྐོར་སོགས་ཀྱི་བྱེད་སྒོར་བཏོན་རྒྱུ་རེད།

བྱེད་སྒོའི་ཡུལ་དངོས་སུ་ལྟད་མོ་བ་རྣམས་ཀྱིས་བདེ་ཆེན་གྱི་དངོས་མིན་རིག་གནས་ཤུལ་བཞག་མྱོང་ཚོར་བྱས་པ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་ལ་རོལ་མྱོང་བྱས་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།