ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཁ་བ་ཐོག་མ་བབས་རྗེས་གནམ་གཤིས་ཇེ་འཁྱགས་སུ་ཕྱིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཁ་བ་བབས་རྗེས་ཀྱི་སེམས་ཀྱི་ཉི་ཟླའི་མཛེས་ཉམས།

2.jpg

ཁ་བ་བབས་རྗེས་ཀྱི་སེམས་ཀྱི་ཉི་ཟླའི་མཛེས་ཉམས།

3.jpg

ཁ་བ་བབས་རྗེས་ཀྱི་སེམས་ཀྱི་ཉི་ཟླའི་མཛེས་ཉམས།

4.jpg

ཁ་བ་བབས་རྗེས་ཀྱི་སེམས་ཀྱི་ཉི་ཟླའི་མཛེས་ཉམས།

5.jpg

ཁ་བ་བབས་རྗེས་ཀྱི་སེམས་ཀྱི་ཉི་ཟླའི་མཛེས་ཉམས།

6.jpg

ཁ་བ་བབས་རྗེས་ཀྱི་སེམས་ཀྱི་ཉི་ཟླའི་མཛེས་ཉམས།

8.jpg

ཁ་བ་བབས་རྗེས་ཀྱི་སེམས་ཀྱི་ཉི་ཟླའི་མཛེས་ཉམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས4ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཁ་བ་ལྷབ་ལྷུབ་ཏུ་བབས་པས་དགུན་དུས་ཀྱི་སེམས་ཀྱི་ཉི་ཟླར་གོས་དཀར་པོ་ཞིག་གྱོན་པ་དང་འདྲ་བར་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན། ཁ་བ་བབས་རྗེས་ཀྱི་ཞོགས་པའི་ནགས་ཕག་མཚོ་རུ་སྨུག་པ་འཐིབས་ཤིང་། གྲལ་བསྒྲིགས་པའི་བོད་ཁང་དུ་དུ་བ་ལང་ལོང་དུ་འཕྱུར་ལ། ལྷིང་འཇགས་ཀྱི་ཁྲོད་རྩེད་འཇོར་རོལ་བའི་དུས་བྱ་སོགས་ཀྱི་རྣམ་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནི་ལྷ་ཡུལ་ཁམས་ཞིག་དང་ཡོངས་སུ་མཚུངས།

 ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ12པའི་ཚེས4ཉིན་བདེ་ཆེན་ཁུལ་གྱི་ས་བབ་མཐོ་སར་ཁ་བ་ཐོག་མ་བབས་པས། བདེ་ཆེན་རྫོང་དུ་ཁ་བ་འབབ་ཚད་ཧའོ་སྨི0.8དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཧའོ་སྨི1.0ཟིན་པ་རེད།

 སྔོན་དཔག་བྱས་ན་མ་འོངས་པའི་གཟའ་འཁོར་གཅིག་གི་རིང་ལ་བདེ་ཆེན་ཁུལ་གྱི་ས་བབ་མཐོ་སར་ད་རུང་ཁངས་ཆུང་ཆུང་འབབ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།