བདེ་ཆེན་ཁུལ་གྱི་ཡུལ་སྐོར་སྣེ་ཤན་པའི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སེམས་ཀྱི་ཉི་ཟླའི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་2019ལོའི་བདེ་ཆེན་ཀྲོའུ་ཡི་ཡུལ་སྐོར་སྣེ་ཤན་པའི་ལས་སྒོའི་གསོ་སྦྱོང་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་དུ་འགོ་ཚུགས་པ་དང་། ཀྲོའུ་ཡོངས་ཀྱི་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་ཡོད་པའི་མི་སྣ་གསོ་སྦྱོང་ནང་ཞུགས་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ནི་བདེ་ཆེན་ཀྲོའུ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་བདེ་ཆེན་ཀྲོའུ་ཡུལ་སྐོར་སྣེ་ཤན་མཐུན་ཚོགས་དང་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། ཀྲོའུ་མི་དམངས་སྲིད་གཞུང་གི་ཀྲོའུ་ཀྲང་གཞོན་པ་ལི་ཆིང་ཕེ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གཉིས་ཡིན་པ་དང་། གཙོ་བོ་ཡུལ་སྐོར་སྣེ་ཤན་པས་ཡུལ་སྐོར་ཚོགས་པ་ཁྲིད་སྟངས་ཀྱི་ཐབས་རྩལ་དང་། ཡུལ་སྐོར་སྣེ་ཤན་གྱི་སྲིད་ཇུས་ཁྲིམས་སྲོལ་དང་དེ་བཞིན་ཞབས་ཞུའི་སྤུས་ཚད་མཐོར་གཏོང་། ཡུལ་སྐོར་སྣེ་ཤན་པའི་ལས་སྒོའི་རྨང་གཞིའི་ཤེས་བྱ། ཡུལ་སྐོར་སྣེ་ཤན་པའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཤེས་བྱ་སོགས་ཀྱི་ཆེད་ལས་གསོ་སྦྱོང་བྱེད་རྒྱུ་རེད། དེས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་བདེ་ཆེན་རིག་གནས་ཡུལ་སྐོར་གྱི་ཡུལ་སྐོར་སྣེ་ཤན་པའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་རྒྱུ་མ་ཟད། ཀྲོའུ་དེའི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།