ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་མི་རིགས་གླུ་གར་རིག་གནས་འཁྲབ་སྟོན་སྟེང་བདེ་ཆེན་ལ་གཟེངས་རྟགས་4ཐོབ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5f5f44c4-745e-4fd3-adff-5d0771d994fc_副本.jpg

64f8507d-300f-4076-ae92-dde2ddc6eebd_副本.jpg

▲སྲོལ་རྒྱུན་གྱི་བྲོ་གར་ཨ་ཁ་པ་ལར་དངུལ་གྱི་གཟེངས་རྟགས་ཐོབ། འཁྲབ་སྟོན་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་འཇང་རིགས་ཤང་གི་ས་གནས་མང་ཚོགས་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ་བ་11པའི་ཚེས་པ་16ནས་ཚེས་པ21བར། མེས་རྒྱལ་གྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ། ཡུན་ནན་མི་རིགས་རིག་གནས་རྒྱུན་འཛིན་བྱེད་ཅེས་པ་བརྗོད་གཞི་བྱས་པའི་ཡུན་ནན་ཞིང་ཆེན་གྱི་མི་རིགས་གླུ་གར་རིག་གནས་ཀྱི་འཁྲབ་སྟོན་བྱེད་སྒོ་ཏ་ལི་ནས་སྤེལ་བ་རེད། ཁུལ་དང་གྲོང་ཁྱེར་16 ནས་ཡོང་བའི་མི་རིགས་18ཀྱིས་རིག་རྩལ་འཁྲབ་སྟོན་69བྱས་ཤིང་། འཁྲབ་ཚན་གྱི་ནང་དོན་ལ་སྲོལ་རྒྱུན་གྱི་རང་བཞིན་ཅན་དང་གསར་གཏོད་ཀྱི་རང་བཞིན་ཅན་ཏེ་རིགས་གཉིས་སུ་བགར་བ་ཡོད་ལ། རོལ་དབྱས་དང་བྲོ་གར། རོལ་ཆས་དཀྲོལ་ལེན་སོགས་གཙོ་བོ་བྱས་པའི་འཁྲབ་སྟོན་ལ་སྲོལ་རྒྱུན་དྲོ་བ་ལྡན་ལ་གསར་གཏོད་ཀྱི་ཆ་ཡང་འདུས་པ་རེད།

     བདེ་ཆེན་ཁུལ་གྱིས་བདམས་མངགས་བྱས་པའི་སྲོལ་རྒྱུན་གྱི་བྲོ་གར་ཨ་ཁ་པ་ལ་དང་སྲོལ་རྒྱུན་རང་བཞིན་ཅན་གྱི་རོལ་ཆས་འཁྲབ་ཚན་དུ་ལི་སུའུ་རིགས་ཀྱི་ཀ་བེད་འབུད་པ། གསར་གཏོད་རང་བཞིན་ཅན་གྱི་འཁྲབ་ཚན་དུ་ཉི་ཤར་བྱམས་གླུ་སོགས་འཁྲབ་ཚན་གསུམ་འཁྲབ་སྟོན་ནང་ཞུགས་ཤིང་། བསྡོབས་པས་བདེ་ཆེན་གྱི་འཐུས་ཚབ་རུ་ཁག་ལ་བྱ་དགའ་བཞི་ཐོབ་པ་རེད། དེ་དག་ནི་དངུལ་གྱི་གཟེངས་རྟགས་གཅིག་དང་ཟངས་ཀྱི་རྟགས་མ་གཅིག ཕུལ་བྱུང་བྱ་དགའ་གཅིག ཕུལ་བྱུང་རྩ་འཛུགས་བྱ་དགའ་གཅིག་བཅས་སོ།།

8ac120ef-3224-4e02-aa5f-e5d892a12f9c_副本.jpg

df6e63ff-c640-4d03-9be4-6369eae9e17e_副本.jpg

▲སྲོལ་རྒྱུན་རང་བཞིན་ཅན་གྱི་རོལ་ཆས་འཁྲབ་ཚན་དུ་ལི་སུའུ་རིགས་ཀྱི་ཀ་བེད་འབུད་པའི་འཁྲབ་སྟོན་ལ་ཟངས་ཀྱི་གཟེངས་རྟགས་ཐོབ། འཁྲབ་སྟོན་པ་ཁུལ་རིམ་པའི་རྒྱུན་འཛིན་པ་ཧེ་ལིའུ་ཆི་དང་ཀུའུ་ཅིན་ཁྲེང་གཉིས་ཡིན། 

583301d9-a34d-4d07-8d31-ea9043d30cbc_副本.jpg

1fdef8e9-0a98-4744-8a6d-fcfe547e63cb_副本.jpg

▲གསར་གཏོད་རང་བཞིན་གྱི་རོལ་དབྱངས་འཁྲབ་ཚན་ལས་ཉི་ཤར་བྱམས་གླུ་ལ་ཕུལ་བྱུང་གཟེངས་རྟགས་ཐོབ། འཁྲབ་སྟོན་པ་ནི་ཕུལ་བྱུང་ན་གཞོན་ཚན་སྡེབ་ལམ་འགྲོ་བ་ཞེས་པ་དེ་ཡིན། 

83857841-8c64-407e-8fbe-66e574e58b12_副本.jpg

▲བདེ་ཆེན་འཐུས་ཚབ་རུ་ཁག་ལ་ཕུལ་བྱུང་རྩ་འཛུགས་པའི་གཟེངས་རྟགས་ཐོབ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།