ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་སེམས་ཀྱི་ཉི་ཟླའི་དགུན་དུས་འདབ་ཆགས་ལ་ལྟ་བའི་རྒྱལ་སྤྱིའི་དུས་ཆེན་སྐབས་བཞི་བ་འཚོག་འཆར་ཡོད་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1574834590565113.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ལུས་རྩལ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ12པ་ནས་སང་ལོའི་ཟླ3པའི་བར་བདེ་ཆེན་ཁུལ་གྱིས་སེམས་ཀྱི་ཉི་ཟླའི་དགུན་དུས་འདབ་ཆགས་ལ་ལྟ་བའི་རྒྱལ་སྤྱིའི་དུས་ཆེན་སྐབས་བཞི་པ་འཚོག་འཆར་ཡོད་པ་དང་། འཛམ་གླིང་ལ་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་མངོན་པར་བྱས་ཏེ་བདེ་ཆེན་ཁུལ་གྱི་དགུན་དུས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། 2016ལོ་ནས་བཟུང་སེམས་ཀྱི་ཉི་ཟླའི་དགུན་དུས་འདབ་ཆགས་ལ་ལྟ་བའི་རྒྱལ་སྤྱིའི་དུས་ཆེན་སྐབས་གསུམ་པ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་དང་། “བདེ་ཆེན་གྱི་སྣོད་བཅུད། དག་ཞིང་གི་ལྷ་ཡུལ”ཞེས་པ་བརྗོད་དོན་བྱས་པ་བརྒྱུད། རྒྱལ་ཁབ་ཕྱི་ནང་གི་འདབ་ཆགས་ཞིབ་འཇུག་ཚོགས་པ50ལྷག་ཙམ་དང་དཔུང་ཁག47ལྷག་ཞུགས་པའི་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག ཤམ་བྷ་ལའི་ས་ཁོངས་ཀྱི་འདབ་ཆགས་རིགས206ལ་ལྟ་ཞིབ་ཚད་ལེན་བྱས་པའི་ནང་ངང་པ་མགོ་སྔོན་སོགས་ཀྱི་འདབ་ཆགས་རིགས《འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ》གྱིས་ཉེན་ཁ་ཤིན་ཏུ་ཆེ་བའི་འདབ་ཆགས་རིགས་སུ་བརྩིས་ནས་གོ་ལ་ཧྲིལ་པོར་བྱ་དེ500ཙམ་ལས་མེད་པ་རེད། ཀྲུང་ཧྭའི་སྟོན་ཁའི་བྱ་གག་ནི་དུས་རབས་གསུམ་པའི་འཁྱགས་རོམ་གྱི་ལྷག་ལུས་སྐྱེ་དངོས་རིགས་ཤིག་ཡིན་ལ། ད་བར་དུ་ལོ་ངོ་བྱེ་བ་གཅིག་གི་ལོ་རྒྱུས་ཡོད། འགྲན་བསྡུར་སྤེལ་ནས་བདེ་ཆེན་གྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་མངོན་པ་མ་ཟད། ཚན་ཞིབ་མི་སྣས་འབྲེལ་ཡོད་སྐྱེ་དངོས་རིགས་ལ་ཞིབ་འཇུག་དང་སྲུང་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་འགན་ལེན་བྱ་རྒྱུར་ལས་སྟེགས་ཀྱང་མཁོ་འདོན་བྱས་ཡོད་པ་རེད།

1574834597948152.jpg

    ད་ལོའི་འདབ་ཆགས་ལ་ལྟ་བའི་དུས་ཆེན་ལ་འབུར་ཐོན་ཅན་གྱི་ཁྱད་ཆོས་བཞི་ཡོད་པ་སྟེ། གཅིག་ནི་དུས་ཚོད་སྔར་ལས་རིང་བ། ཟླ12པ་ནས་སང་ལོའི་ཟླ3པའི་བར་ཡིན་པ་དང་། གཉིས་ནི་འགྲན་བསྡུར་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་པ་དང་རིམ་པ་གསུམ་དུ་དབྱེ་ཡོད། ཟླ12པར་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་དང་གཙོ་བོ་རྒྱལ་སྤྱིའི་འདབ་ཆགས་ཞིབ་འཇུག་ཚོགས་པའི་ཤུགས་རྐྱེན་ལྡན་པའི་ཚོགས་པ་དང་མི་སྒེར་བ་འགྲན་བསྡུར་ནང་ཞུགས་ཆོག་ལ། དེའི་དམིགས་ཡུལ་གཙོ་བོ་ཡང་རང་ལྗོངས་ཀྱི་འདབ་ཆགས་ལ་ལྟ་བའི་ཐོན་ཁུངས་གསར་པ་སྔོག་འདོན་བྱ་རྒྱུ་དེ་ཡིན། ནགས་ཕག་མཚོའི་འདབ་ཆགས་ལ་ལྟ་བའི་དུས་ཚིགས(ཟླ12པ་ནས་སང་ལོའི་ཟླ་1པོའི་བར)དེའི་ནང་ཞུགས་པའི་མི་སྣའི་གྲངས་ཀར་ཚོད་འཛིན་མེད་པ་དང་རང་འགུལ་གྱིས་མིང་ཐོ་བཀོད་ཆོག  གཙོ་བོ་བྱ་རིགས་ཞིབ་འཇུག་ཚོགས་པའི་མི་སྣ་མིང་གྲགས་ཅན་དང་། པར་རྒྱག་ལ་དགའ་པོ་བྱེད་མཁན། སློབ་མ། ཡུལ་སྐོར་བ་སོགས་ལ་དམིགས་ཡོད་པ་རེད། འདབ་ཆགས་ལ་ལྟ་བའི་དུས་ཆེན་གྱི་གྲུབ་འབྲས་འགྲེམས་སྟོན(སང་ལོའི་ཟླ3པར)སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཁ་གཏད་ནས་སེམས་ཀྱི་ཉི་ཟླའི་སྣང་བརྙན་དྲིལ་བསྒྲགས་བྱེད་པ་དང་། འདབ་ཆགས་བྱ་ལ་དགའ་བ་དང་འདབ་ཆགས་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་རེད། གསུམ་ནི་བྱེད་སྒོའི་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ། ད་ལོའི་བྱེད་སྒོའི་ནང་ནགས་ཕག་མཚོ་གཅིག་པུ་མ་ཡིན་པར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲོང་བཙན་གླིང་དགོན་པ་དང་། ཝེ་ཤིས་རྫོང་མཆོད་རྟེན་གྲོང་རྡལ། ཕན་ཐེན་ཀེ་ཤང་བཅས་ཀྱང་དེའི་ནང་བཅུག་ནས་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། བཞི་ནི་ཆ་འཕྲིན་ཅན་གྱི་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། དྲ་སྦྲེལ་དང་། འགྲན་བསྡུར་གྱི་གྲུབ་འབྲས་དེ་བས་ལུགས་མཐུན་དང་དྲང་གཞག་ཡོང་བ་བྱས་ཏེ་ཆེད་མཁས་དཔྱད་འདེམས་པས་དུས་ཐོག་ཏུ་དཔྱད་འདེམས་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།