ཀྲུང་གོ་བོད་ཀྱི་དྲ་བ།

ཚོན་མདོག་རྣམ་པར་བཀྲ་བའི་འབའ་ལུང་ཡུལ་གྱི་མཛེས་ལྗོངས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8ace01bb-9e4e-40c7-b950-9a5a7fe3b454.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་ཁ་ནི། ཚོན་མདོག་རྣམ་པར་བཀྲ་བའི་དུས་ཚིགས་ཤིག ཡང་ན། རེ་བ་དང་ཡིད་ཆེས་ཀྱིས་གཏམས་པའི་དུས་ཚིགས་ཤིག  འཕོ་འགྱུར་གྱི་གོམ་སྟབས་རེ་རེས། སྟོན་གྱི་ཉི་མ་ཁོ་ནར་དབང་བའི་ལོ་མ་སེར་པོ་རེ་རེའང་རིམ་གྱིས་དམར་པོར་གྱུར་ཅིང་། མི་རྣམས་ཀྱི་ཡིད་དུ་སྐྱོ་གདུང་འདྲེས་མའི་སྒོ་འཕར་ཕྱེ་རུ་བཅུག་ཅིང་།དེར་བསྟུན།སྣུམ་ཚོན་གྱི་རི་མོ་ལྟ་བུའི་མཛེས་སྡུག་གི་སྟོན་ཁའི་ཡུལ་ལྗོངས་དེའང་འགོག་ཐབས་མེད་པར་རྙེད་དུ་བཅུག

50d5e6c7-52e5-4458-b265-0c297f9b3c8a.jpg

     སྟོན་ཁའི་མཛེས་སྡུག་ཁྲོད་ཀྱི་ཏུའོ་ན་ཀོ་ལྟ་བའི་ཆོག་མི་ཤེས་པའི་མཛེས་པ་མིག་གི་དཔལ་དུ་བསྟར་ཞིང་།དེ་ནི་རང་བྱུང་ཁམས་ཆེན་པོའི་མཛེས་པ་གཅིག་ཏུ་བསྡུས་པ་ལྟ་བུའི་ངོ་མཚར་དང་མཛེས་སྡུག་གིས་གྲུབ་ཅིང་། ཏུའོ་ན་ཀོ་གྲོང་ཚོའི་མཐའ་འཁོར་གྱི་ནགས་ཚལ་དུ་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་ཡོད་པས་སྐྱེ་འགྲོ་ཀུན་གྱི་མིག་དབང་འཕྲོག་པ་ཞིག་རེད།

277cc84a-f48a-4673-a3d1-85abd65700d9.jpg

     འབའ་ལུང་མཐའ་ཆུ་གྲོང་རྡལ་སེམས་ཀྱི་ཉི་ཟླའི་ཏེན་སྤྲེའུ་སྤུ་སེར་སྤྱི་གླིང་དུ་སྟོན་གྱི་རྣམ་པ་དེ་བས་ཀྱང་མངོན་དུ་གསལ་ཞིང་།ཞོགས་པར།ནགས་གསེབ་དུ་སྟོན་གྱི་བ་མོའི་འོད་ཀྱི་མདངས་ལས་ཁ་དོག་སྣ་ལྔའི་མཛེས་སྡུག་ཐགས་སུ་བཀྲ་ཞིང་།སྤྱི་གླིང་དུ་སྔར་ལས་མཛེས་སྡུག་གི་དཔལ་ཡོན་ཞིག་བསྐྲུན་འདུག  མི་རྣམས་མཛེས་སྡུག་རྣམ་པར་བཀྲ་བའི་སྟོན་ཁའི་ཡུལ་ལྗོངས་ལ་ཅི་དགར་རོལ་ཅིང་།ཉི་མའི་འོད་ཟེར་གྱི་སྐུད་པ་རེ་རེ་སྟོན་གྱི་ལོ་མའི་བར་གསེབ་བརྒྱུད་ནས་མི་རྣམས་ཀྱི་ངོ་གདོང་དུ་འཕྲོས་ཤིང་།གསེར་མདོག་གི་ལོ་མ་དང་སྔོ་ཞིང་དྭངས་བའི་ནམ་མཁའ་ཕན་ཚུན་དྲ་བ་དྲ་ཕྱེད་ཀྱི་ཚུལ་དུ་མངོན་པ་དེ་ནི།སྙན་ངག་ཁྲོད་ཀྱི་མཛེས་པ་ཇི་བཞིན་ངོ་མཚར་སྟོང་གིས་གྲུབ།

5e5dc094-5789-4fd0-971d-f6533100f9fb.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།