ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་མི18ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཁག་དྲུག་པར་གཏན་འཁེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁག་དྲུག་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ347ཁྱབ་བསྒྲགས་དང་གཏན་འཁེལ་བྱས་པ་རེད། དེའི་ནང་བདེ་ཆེན་ཁུལ་གྱི་མི18ལ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་དྲུག་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་པ་དང་། མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དེ་སྲོལ་རྒྱུན་རོལ་དབྱངས་དང་། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་མཛེས་རྩལ། སྲོལ་རྒྱུན་ལག་རྩལ། སྲོལ་རྒྱུན་གསོ་རིག དམངས་སྲོལ་བཅས་དང་འབྲེལ་བ་ཡོད་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།