ཀྲུང་གོ་བོད་ཀྱི་དྲ་བ།

དགུན་དུས་ཀྱི་ནགས་ཕག་མཚོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་འགོ་ཚུགས་པ་ན།  ནམ་ཟླ་མངོན་གསལ་གྱིས་ཇེ་འཁྱགས་ཏུ་སོང་ལ། ཤ་ཁ་རི་བོ་ཡང་གངས་ཀྱིས་བཟུང་སྟེ། བལྟས་ཚོད་ཀྱིས་ལྗིད་ཏིག་ཏིག་གི་སྣང་བ་སྐྱེས་པའི་དགུན་ལྭ་དཀར་པོ་དེ་བཀླུབས་པ་རེད། འོན་ཀྱང་རི་འདབས་སུ་འཁྱིལ་ཡོད་པའི་ནགས་ཕག་མཚོ་ནི་སྔར་བཞིན་ཉི་འོད་ཀྱི་ཁྲོད་ན་རླབས་འོད་ལམ་ལམ་དང་ལྷགས་རླུང་གི་བར་ན་རླབས་རིས་འཁྱུག་འཁྱུག་གིས་ཡོད་ལ།ཐག་རིང་གི་མགྲོན་པོ་སྟེ་ཁྲུང་ཁྲུང་སྐེ་ནག་དང་ངང་སེར། ཁྲུང་ཁྲུང་སྐེ་ཁྲ་སོགས་བྱ་རིགས་སྣ་ཚོགས་སྔ་ཕྱི་བྱས་ནས་ཡུལ་འདིར་དགུན་བསྐྱལ་དུ་ཐོན།   དེ་ཡང་ཁོ་ཚོ་ཞེན་པ་ཆགས་ནས་ཡིན་རིང་འགོར་བའི་གནས་འདིར་ཐོན་མ་ཐག  འགའ་རེས་ལེ་དབར་སྟོང་ཕྲག་ལ་འཕུར་བའི་ངལ་བ་བརྗེད་ནས་གང་དགར་ཆུ་ལ་རྩེན་བཞིན་ཡོད་ལ།འགའ་རེས་ལམ་ཐག་རིང་བོའི་བཀྲེས་སྐོམ་མ་གཟོད་པར་སྤོབས་ཀྱི་མཚོ་ལ་མཛུལ་ཞིང་རྔམ་གྱིས་ཟས་ལ་རོལ་བཞིན་ཡོད།

1984ལོར་ནགས་ཕག་མཚོར་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གཏན་ཁེལ་བྱས་ཤིང་། 2014ལོའི་ཟླ12བའི་ཚེས7ཉིན། རྒྱལ་སྤྱིའི་རླན་ས་གལ་ཆེན་གྱི་མིང་ཐོ་ཞེས་པའི་ནང་དུ་ཚུད་ཅིང་། སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་རྒྱ2400ཡོད་པ་རེད། ཉེ་བའི་ལོ་འདི་དག་གི་རིང་ས་གནས་སྲིད་གཞུང་གིས་རླན་སའི་སྲུང་སྐྱོབ་ལ་ནུས་ཤུགས་ཆེན་པོ་སྟོན་ལ།ཞིང་བསྐྱུར་རླན་སྲུང་དང་སྤྱི་ཚོགས་དོ་དམ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་ནས་ནགས་ཕག་མཚོ་རླན་ས་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ་ལ།དུས་ད་ལྟ་བྱ་རིགས་མང་བོའི་དགུན་བསྐྱལ་སའི་ཞིང་ཁམས་ཤིག་ཏུ་གྱུར་ཡོད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།