ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་དུ་དངུལ་རྩའི་བྱ་ཐབས་གསར་གཏོད་བརྒྱུད་ནས“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་སྐྱེ་སྟོབས་སླར་ཡང་འཕེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཞིང་ལས་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གིས་ཆེད་དོན་དབུལ་སྐྱོར་ལ་སླར་ཡང་དངུལ་བུན་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱེད་པར་མུ་མཐུད་དམ་འཛིན་བྱས་ནས“ཁུལ་གསུམ་དང་ཀྲོའུ་གསུམ”ལ་ཡིད་རྟོན་དངུལ་བུན་གཏོང་བར་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེར་གཏོང་དང་། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཁག20ཡག་པོ་དང་འདང་ངེས་སྤྱད་དེ“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་མ་དངུལ་བསྡུ་རུབ་ཀྱི་མ་གནས་དམའ་རུ་ཏན་ཏིག་བཏང་ཞིང་། ཟླ9པའི་ཟླ་མཇུག་བར། དངུལ་ཁང་དེའི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་དངུལ་བུན་ཁག་གི་ལྷག་དངུལ་སྒོར་དུང་ཕྱུར113.14ལྷག་ཙམ་ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར14.39འཕར་ནས་འཕར་ཚད14.57%ཡིན་པ་རེད།

དེ་དང་ཆབས་ཅིག རྒྱལ་མོ་རྔུལ་ཆུ་དང་བདེ་ཆེན་ཡན་ལག་དངུལ་ཁང་གིས་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་ལས་རིགས་དང་། སྡེ་ཚན། རིམ་པ་བཅས་སྒྲོལ་བའི་ཚོང་གཉེར་རུ་ཁག་བཙུགས་ཏེ་གཞི་རིམ་དངུལ་ཁང་གིས་རྣམ་གྲངས་རྒྱ་སྐྱེད་དང་དངུལ་བུན་གཏོང་རྒྱུར་མཛུབ་ཁྲིད་དང་། གནས་དེ་གའི་དབུལ་སྐྱོར་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དུད་ཚང་དབུལ་པོ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱེད་མཁན་ཁེ་ལས་ལ་སྔོན་ལ་རོགས་སྐྱོར་བྱེད་པ། དུས་ཐོག་ཏུ་ཞིང་ཕན་eདངུལ་བུན་གྱི་སྤུས་ཚད་མཐོར་གཏོང་དང་། ཐོན་རྫས་གསར་གཏོད། སྔོན་ལ་ཞིབ་མཆན་འགོད་པ་སོགས་ཀྱི་སྲིད་ཇུས་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་གསལ་འགྲེལ་བཅས་བྱས་ནས། དངུལ་བུན་འཕར་ཚད་དངུལ་ཁང་ཡོངས་ཀྱི་དངུལ་བུན་ཆ་སྙོམས་འཕར་ཚད་ལས་མཐོ་བའི་འགན་ལེན་བྱས་ཏེ་གནས་དེའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རོགས་སྐྱོར་བྱས་པ་རེད།

གཞན་ཡང་། ཞིང་ལས་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཡུན་ནན་ཞིང་ཆེན་ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་ཀུང་སི་དང་མཉམ་ལས་ཧུར་ཐག་བྱས་ནས་དུད་ཚང་དབུལ་པོའི་སྣེ་ཁྲིད་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་བསལ་ཞིང་། མིག་སྔའི་བར། མཉམ་ལས་ཀྱི་བྱ་ཐབས་དེ་བརྒྱུད་ནས“ཁུལ་གསུམ་དང་ཀྲོའུ་གསུམ”ལ་དངུལ་བུན་སྒོར་ཁྲི་8900ལྷག་ཙམ་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།