ཀྲུང་གོ་བོད་ཀྱི་དྲ་བ།

འཇོལ་གྱི་ཁྱད་ལྡན་ཐོན་རྫས་ཚོང་འདུས་སྐབས་གཉིས་པར་ས་གནས་ཐོན་རྫས་མང་།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགྲེམས་ཚོང་འདུ་ཚོགས་ལ་འགྲོ་རིན་ཡོད་པ་དང་དེའི་ནང་གི་ཚོང་ཟོག་ཚང་མ་ས་གནས་དེ་གའི་ལྗང་མདོག་ཐོན་རྫས་ཤ་སྟག་རེད་ཅེས་འཇོལ་རྫོང་གི་ཁྱད་ལྡན་ཐོན་རྫས་ཚོང་འདུས་སྐབས་གཉིས་པར་ལྟ་སྐོར་བྱེད་བཞིན་པའི་ཉི་མས་དགའ་ཚོར་ཆེན་པོས་བཤད་བྱུང་།

2.jpg

གསར་འགོད་པ་འཇོལ་རྫོང་གནའ་གྲོང་གི་སྒོ་འགྲམ་ཐང་ཆེན་ཐོག་གི་འགྲེམས་ཚོང་འདུ་ཚོགས་སུ་སྐྱོད་སྐབས་འགྲེམས་སྟེགས་ཐོག་སྦྲང་རྩི་དང་།སྨན་རྒྱུ། ཤིང་ཕོར། མི་རིགས་རྒྱན་ཆ། མི་རིགས་རྒྱན་གོས་སོགས་གང་དགོས་ཚང་མ་ཡོད་པ་མཐོང་སྐབས་མང་ཚོགས་མི་ཉུང་བ་ཞིག་ཉོ་སྒྲུབ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

3.jpg

འཇོལ་རྫོང་བཟོ་འཕྲིན་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།ས་གནས་དེ་གའི་ཁེ་ལས་ལ་རོགས་སྐྱོར་བྱ་ཆེད། སྲིད་གཞུང་གིས་འགྲེམས་ཞུགས་ཁེ་ལས་ལ་རིན་མེད་ངང་ས་ཆ་དང་འགྲེམས་སྟེགས་མཁོ་འདོན་བྱས་ཡོད།ད་ཐེངས་ཀྱི་འགྲེམས་ཚོང་འདུ་ཚོགས་ནང་ཁེ་ལས་30ཞུགས་པ་དང་འགྲེམས་སྟོན་ནང་ཞུགས་པའི་དུས་ཚོད་ཚེས་22ཉིན་ནས་ཚེས་25ཉིན་བར་ཡིན་པ་དང་དུས་ཡུན་ཉིན་5ཡིན་པ་རེད།

4.jpg

གསར་འགོད་པས་འཇོལ་རྫོང་ཁ་བ་དཀར་པོ་རྒྱལ་ཁབ་སྤྱི་གླིང་གསར་སྤེལ་གཉེར་སྐྱོང་ཀུང་སིའི་འགྲེམས་སྟེགས་ནས་ཐང་ག་དང་མི་རིགས་ཀྱི་གྱོན་ཆས་འགེལ་ཆས་སོགས་ཡུལ་སྐོར་ཐོན་རྫས་སྣ་ཚོགས་ཀྱིས་མང་ཚོགས་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད་པ་མཐོང་བྱུང་།འགན་འཁུར་བ་བསོད་ནམས་ཉི་མས་ཉིན་གཉིས་ལྷག་ཙམ་རིང་ང་ཚོའི་འགྲེམས་སྟེགས་ཐོག་མངགས་ཐོ་20ལྷག་ཙམ་བཞག་པས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་2.6ཟིན་ཡོད་ཟེར།

5.jpg

ལག་ཤེས་པི་ཝང་འགྲེམས་སྟེགས་མདུན་དུ་ལུས་ལ་གཟབ་མཆོར་སྤྲས་ནས་འཇོལ་གཞས་དུས་ཆེན་ལ་ཞུགས་མཁན་ཁམས་པའི་ཕོ་གསར་ཁག་གཅིག་གིས་དབྱི་ཐ་ལིའི་པི་ཝང་འདེམས་བཞིན་ཡོད།པི་ཝང་གི་སྣོད་ལ་སྨྱུག་མ་དང་། ཤིང་གི་རྒྱུ་ཆ། ད་དུང་གཡག་གི་རྭ་ཅོ་བཅས་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་ཆད་པི་ཝང་ཁྲོམ་རའི་ཐོག་མཐོང་རྒྱུ་ཡོད།ད་ཆ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་དག་རིམ་བཞིན་མང་ཚོགས་ཀྱི་འཚོ་བར་ཁྱབ་ནས་པི་ཝང་ལ་དགའ་པོ་བྱེད་མཁན་ཚོས་དགའ་པོ་བྱེད་པ་མ་ཟད།ད་དུང་ཡུལ་སྐོར་བ་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་ཡོད།

འགྲེམས་ཚོང་ཚོགས་འདུའི་ཐོག་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་ས་ཐོག་གི་ཕྱིར་ཚོང་ཕུད་ཁེ་ལས་མང་པོ་ཞིག་གིས་ད་དུང་འདོད་ཕྱོགས་རང་བཞིན་གྱི་མངགས་ཐོ་མང་པོ་ཞིག་བཞག་ཡོད་པ་རེད།རི་ཁྲོད་དུ་གནས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་གི་ལས་སྟེགས་བརྒྱུད་སྤྱི་དམངས་ཀྱི་འཚོ་བའི་ནང་ཞུགས་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།