ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་ཧ་པ་རྒྱལ་སྤྱིའི་རི་འཛེགས་འགྲན་བསྡུར་སྤེལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0933049a-aaae-46d6-a660-e941228b112a_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་སྐབས་དང་པོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་ཧ་པ་རྒྱལ་སྤྱིའི་རི་འཛེགས་འགྲན་བསྡུར་ཟླ10པའི་ཚེས27ཉིན་འཛམ་གླིང་གི་རྐང་བགྲོད་ལམ་ཐིག་རྩེ་གྲ་བཅུའི་སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་ལྗོངས་ཁུལ་དུ་འགོ་ཚུགས་པ་རེད། བྱེད་སྒོའི་ཉིན་དེར་ཨ་རི་དང་། མ་ལེ་ཞི་ཡ། ཀྲུང་གོའི་པེ་ཅིན། ཧྲང་ཧའེ། ཀོང་ཀྲོའུ།ཤིན་ཅང་། སི་ཁྲོན། ནང་སོག་དང་། ལེའོ་ཉིང་། ཡུན་ནན་སོགས་ས་ཁུལ་མང་པོའི་བདམས་ཐོན་པ་མང་བོ་ཞུགས་ཡོད་ལ། དེ་མིན་ལེ་དབར་སྟོང་བརྒྱུད་ནས་ཆེད་དུ་ཡོང་བའི་རིར་རྒྱུག་ལ་དགའ་མོས་ཡོད་པའི་འགྲན་ཞུགས་པ་ཡང་མང་བོ་ཡོད་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནང་སེམས་ཀྱི་ཉི་ཟླའི་ས་ཁུལ་གྱི་ཉེན་ཁ་ཆེ་ཤོས་དང་། ཛ་དྲག་ཆེ་ཤོས། སྙན་གྲགས་ཆེ་ཤོས་བཅས་ཀྱི་སྟག་མཆོང་གྲོག་རོང་གི་ལམ་ཐིག་བདམས་ཡོད་པ་དང་། སྟག་མཆོང་གྲོག་རོང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་ས་དམ་གྲོང་ཁྱེར་གྱི་འབྲེལ་མཚམས་སུ་གནས་པ་དང་། འབྲི་ཆུའི་སྟོད་རྒྱུད་དང་། ས་དམ་བར་ཐག་80kmཡོད་ལ། སེམས་ཀྱི་ཉི་ཟླ་དང་བར་ཐག་98kmཡོད། འདི་ནི་འཛམ་གླིང་གི་གྲགས་ཅན་རྐང་བགྲོད་ལམ་ཐིག་ཆེ་གྲས་བཅུའི་གྲས་ཤིག་ཡིན་ལ། ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོག་རོང་གི་གྲས་ཤིག་ཀྱང་རེད། འགྲན་བསྡུར་འདིའི་འགྲན་ལམ་50kmཅན་གྱི་ITRAཡི་སྐར་གསོག་འགྲན་ལམ་ལ་རེ་ཞུ་ཐུབ་པ་བྱུང་ཞིང་། སྐར་མ་3བརྩི་བའི་དཔྱད་འཇོག་བྱས་པ་རེད། ལམ་ཐིག་འདིར་ལ་ས་ལམ་དང་བྲག་ལམ། རྡོ་ཧྲུག་ལམ། ནགས་ལམ་ཕྲ་མོ་བཅས་ཡོད་དེ།  འགྲན་བསྡུར་ནང་ཞུགས་མཁན་གྱི་ནུས་པ་དང་།བཟོད་ཤུགས། ལུས་པོའི་འཕྲོད་ནུས་བཅས་ཕྱོགས་བསྡུས་འགྲན་སློང་བྱེད་ཞུགས་ཆེ་བ་རེད།

མཐར་SGL50KMསྐྱེས་པའི་ཚོ་ཆུང་ལས་ལི་པོ་ཡིས་ཆུ་ཚོད་4དང་སྐར་མ་58དང་སྐར་ཆ་45ནང་རྒྱུག་ཚར་བས་ཨང་གཉིས་པ་བླངས་ཤིང་། བུད་མེད་ཚོ་ཆུང་ཀྲེང་ཝུན་རུང་གིས་ཆུ་ཚོད་7དང་སྐར་མ་16དང་སྐར་ཆ་43ནང་རྒྱུས་ཚར་བས་ཨང་གཉིས་པ་བླངས་པ་རེད། SGL50KMསྐྱེས་པའི་ཚོ་ཆུང་གི་ཝུའུ་ཡུང་པོ་ཡིས་ཆུ་ཚོད་2དང་སྐར་མ་29དང་སྐར་ཆ་59ཡི་ནང་རྒྱུས་ཚར་བས་ཨང་དང་བོ་བླངས་ཤིང་། བུད་མེད་ཚོ་ཆུང་ལས་ལིན་ཧུང་དབྱིང་གིས་ཆུ་ཚོད་3དང་སྐར་མ་11དང་སྐར་ཆ་12ཡི་ནང་རྒྱུག་ཚར་བས་ཨང་དང་པོ་བླངས་པ་རེད།  

2_副本.jpg

སྐྱེས་པའི་ཚོ་ཆུང་ལས་ཨང་དང་བོ་ཐོབ་མཁན་ཝུའུ་ཡུང་པོ།

2_副本1.jpg

བུད་མེད་ཀྱི་ཚོ་ཆུང་ལས་ཨང་དང་བོ་ཐོབ་མཁན་ལིན་ཧུང་དབྱིང་།

3_副本1.jpg

སྐྱེས་པའི་ཚོ་ཆུང་ལས་ཨང་གཉིས་པ་ཐོབ་མཁན་ལི་པོ།

3_副本.jpg

བུད་མེད་ཚོ་ཆུང་ལས་ཨང་གཉིས་པ་ཐོབ་མཁན་ཀྲེང་ཝུན་རུང་།

ཐེངས་འདིའི་འགྲན་བསྡུར་ནང་ད་དུང་ཐོག་དང་བོའི་གསར་གཏོད་རང་བཞིན་གྱི་རིར་རྒྱུག་འགྲན་བསྡུར་དང་སྨི་5000ཡི་ཧ་པ་གངས་རིའི་མཉམ་འབྲེལ་རི་འཛེག་བྱེད་སྒོ་སྤེལ་བ་རེད། ལུས་རྩལ་པ་30ལྷག་ཙམ་གྱིས་རིར་རྒྱུག་རིར་རྒྱུག་འགྲན་བསྡུར་མཇུག་རྫོགས་རྫེས་དམངས་ཁྲོད་ཀྱི་མྱུལ་དཔྱད་མཁས་ཅན་དང་མཉམ་དུ་ཧ་པ་གངས་རིར་འཛེགས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།