ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་མོ་རྔུལ་ཆུའི་ཟམ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསེར་མདོག་གི་སྟོན་ཟླ་བཅུ་པར། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ལམ་ཆེན་ཏེ་ཁྲོན་བོད་གཞུང་ལམ་ཐོག་ཏུ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྒྱུན་མི་ཆད་པར་ལྟད་མོར་ཡོང་བཞིན་ཡོད། གཡག་མདོའི་མྱུར་བགྲོད་གཞུང་ལམ་ཐོག་གི་“ཚོན་མདོག་དམར་པོ”བྱུགས་འདྲའི་ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་བརྒྱུད་དུས། གནས་དེའི་ངོ་མཚར་མཛེས་ཉམས་ཀྱིས་མི་སེམས་སྒུལ་བར་བྱེད། ཉེ་འཁོར་དུ། ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་ཐོག་ད་དུང་ལྕགས་ཟམ་དང་ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་འཕྱངས་ཟམ་སོགས་ཟམ་ཆེན་མང་པོ་སྣོལ་མར་ཡོད་པ་དག་གིས་ཀྲུང་གོའི་ཟམ་པའི་འཛུགས་སྐྲུན་གྱི་གཟི་བརྗིད་མཚན་སྙན་དང་ཕུགས་བསམ་གྱི་དཔང་བོ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།