ཀྲུང་གོ་བོད་ཀྱི་དྲ་བ།

འཇོལ་རྫོང་དུ་ཀྲུང་གོའི་བོད་ཁུལ་གྱི་བོད་གཞས་འགྲན་བསྡུར་སྐབས་དང་པོ་སྤེལ། ​

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

སྡེ་རོང་རྫོང་གི་འཐུས་ཚབ་རུ་ཁག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས22ཉིན་གྱི་ཕྱི་དྲོར།  འཇོལ་རྫོང་གི་སེམས་ཀྱི་ཉི་ཟླའི་ཁ་བ་དཀར་པོ་འཇོལ་གཞས་དུས་ཆེན་སྐབས་གཉིས་པ་དང་ཀྲུང་གོའི་བོད་ཁུལ་གྱི་བོད་གཞས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་དེ་འཇོལ་རྫོང་ལུས་རྩལ་ཁང་ནས་བསྡུས་པ་རེད།

འཇོལ་དང་། སྡེ་རོང་། གོང་ཧྲན། སེམས་ཀྱི་ཉི་ཟླ། སྨར་ཁམས།འབའ་ལུང་། མཛོ་སྒང་བཅས་ས་གནས་བདུན་གྱི་འགྲན་ཞུགས་རུ་ཁག་གིས་རང་གི་ཉམས་འགྱུར་ལྡན་ཞིང་རྣམ་པ་སྣ་མང་ཡིན་པའི་ལེ་ཚན་14འཁྲབ་སྟོན་བྱས་ཡོད།    འགྲན་བསྡུར་ནང་ཞུགས་མཁན་གྱི་ཁོངས་མི་ཚོས་ལུས་ལ་བོད་ལྭ་གཙང་མ་གྱོན་ནས་སེམས་ཀྱི་དགའ་བའི་གདོང་གི་ངོས་ལ་མངོན་ཡོད་ཅིང་།   ཡིད་ཀྱི་གསོས་སུ་འགྱུར་བའི་བོད་གཞས་ཀྱི་དབྱངས་རྟ་རེ་རེ་དང་།   ད་དུང་གསར་གཏོད་ཀྱིས་ཕྱུག་པའི་སྟངས་སྟབས་བཅས་ལ་ཀུན་གྱིས་དགའ་མོས་ཚད་མེད་གནང་ཡོད།    

2_副本.jpg

འཇོལ་རྫོང་གི་་འཐུས་ཚབ་རུ་ཁག

3_副本.jpg

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་ཚབ་རུ་ཁག

ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ཞབས་བྲོ་མཐུན་ཚོགས། ཡུན་ནན་ཞིང་ཆེན་ཞབས་བྲོ་མཐུན་ཚོགས།   སི་ཁྲོན་ཞིང་ཆེན་ཞབས་བྲོ་མཐུན་ཚོགས།    པེ་ཅིན་ཞབས་བྲོའི་སློབ་གླིང་། ཡུན་ནན་སྒྱུ་རྩལ་སློབ་གླིང་བཅས་ལས་གྲུབ་པའི་དཔྱད་འདེམས་པས་སྐར་མ་བརྒྱབ་པ་བརྒྱུད་ནས།     ཀུང་ཧྲན་འཐུས་ཚབ་རུ་ཁག་གི་བོད་རིགས་ཀྱི་འཁལ་འཐག་ཞབས་བྲོ་ཞེས་པ་དང་།  འབའ་ལུང་འཐུས་ཚབ་རུ་ཁག་གི་དགའ་བྱུང་སྐྱིད་བྱུང་ཅེས་པ།   སྡེ་རོང་འཐུས་ཚབ་རུ་ཁག་གི་བཀྲ་ཤིས་པའི་ཉི་མའི་ལུང་པ་ཞེས་པ།    འཇོལ་རྫོང་འཐུས་ཚབ་རུ་ཁག་གི་གུང་ཁྲན་ཏང་གི་འོད་སྣང་ཞེས་པ་བཅས་ལ་གདོང་མའི་སྣོད་བཅུད་ལེ་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ།   སེམས་ཀྱི་ཉི་ཟླ་འཐུས་ཚབ་རུ་ཁག་གི་བཀྲ་ཤིས་པའི་པི་ཝང་དཀར་པོའི་སྒྲ་དབྱངས་ཞེས་པ་དང་།  སྨར་ཁམས་རྫོང་འཐུས་ཚབ་རུ་ཁག་གི་བཀྲ་ཤིས་པའི་སྨར་ཁམས་ཞེས་པ།   མཛོ་སྒང་འཐུས་ཚབ་རུ་ཁག་གི་དུང་མདོག་གི་གཡུ་རྡོ་ཞེས་པ་བཅས་ལ་གསར་རྩོམ་རིགས་ཀྱི་ལེ་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད།  

4_副本.jpg

5_副本.jpg

6_副本.jpg

སྨར་ཁམས་རྫོང་གི་འཐུས་ཚབ་རུ་ཁག

8_副本.jpg

ཡུལ་དངོས་ཀྱི་ལྟད་མོ་བ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།