ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་མིང་གྲོང་ཁྱེར་ཏང་སྲིད་འཐུས་མི་ཚོགས་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྟོག་ཞིབ་གནང་།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཁུན་མིང་གྲོང་ཨུའི་ཧྲུའུ་ཅི། ཏན་ཀྲུང་ཁུལ་གསར་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲེང་ལེན་ཡོན་གྱིས་ཁུན་མིང་གྲོང་ཁྱེར་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བདེ་ཆེན་དུ་འབྱོར་ནས་རྟོག་ཞིབ་གནང་བ་མ་ཟད། 2019ལོའི་ཁུན་མིང་དང་བདེ་ཆེན་གྱི་ཁ་གཏད་རོགས་སྐྱོར་གྱི་མཛའ་གྲོགས་མཉམ་ལས་བཞུགས་མོལ་འཚོགས་འདུ་ཡང་བསྡུས་པ་རེད། ཁྲེང་ལེན་ཡོན་གྱིས་ཕྱོགས་གཉིས་པོས་མཉམ་དུ་གྲོང་ཁྱེར་དང་ཁུལ་གྱི་བརྩེ་སེམས་ཟབ་མོར་སྲུང་སྐྱོང་གང་ལེགས་བྱས་ནས་མཉམ་ལས་ལ་བར་མཚམས་མེད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཡག་པོ་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་མཛའ་གྲོགས་མཉམ་ལས་ཡག་པོར་སྒྲུབ་ནས། ཁུན་མིང་དང་བདེ་ཆེན་གྱིས་ལག་གདང་གཅིག་ཏུ་སྦྲེལ་ནས་ཕྱོགས་ཡོངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

དེའི་རིང་ཁུན་མིང་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་དང་པོའི་ཟ་ཁང་དང་བཙོག་འབུད་སྒྱུར་བཀོད་རྣམ་གྲངས་དང་། བདེ་ཆེན་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གསོ་སྦྱོང་། ཕྱིའི་མངའ་ཁོངས་ཀྱི་བོད་རིགས་སྤུན་ཟླའི་སྣེ་ལེན་ཞབས་ཞུ་ལྟེ་གནས་སོགས་ཀྱི་རྣམ་གྲངས་ལ་རྟོག་ཞིབ་བྱས་ནས་ཁུན་མིང་དང་བདེ་ཆེན་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་གནས་ཚུལ་ལ་རྟོག་ཞིབ་ཞིབ་ཕྲ་གནང་བ་རེད། 

བཞུགས་མོལ་ཚོགས་འདུའི་ཐོག་ཁྲེང་ལེན་ཡོན་གྱིས་ཁུན་མིང་གྲོང་ཁྱེར་གྱི་ཚབ་ཞུས་ནས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ལོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ཏང་གི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་གྱི་སྣེ་ཁྲིད་ནས་མུ་མཐུད་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་མི་རིགས་ས་ཁུལ་ལ་མཆོང་སྐྱོད་འཕེལ་རྒྱས་ཀྱི་བརྗིད་ཆེའི་སྙན་ངག་གི་ལེའུ་བརྩམས་ཡོད་ལ། བདེ་ཆེན་ཡང་རིམ་བཞིན་རྒྱལ་ཡོངས་བོད་ཁུལ་ཁྲོད་ཁོར་ཡུག་མཛེས་ཤོས་དང་། རིག་གནས་མང་ཤོས། འཕེལ་རྒྱས་མགྱོགས་ཤོས། སྤྱི་ཚོགས་བརྟན་ལྷིང་ཆེ་ཤོས་བཅས་ཀྱི་ས་ཁོངས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་ཅེས་བསྟན།   

ཁྲེང་ལེན་ཡོན་གྱིས་1996ལོའི་ཟླ་7པར་ཁུན་མིང་གྲོང་ཁྱེར་དང་བདེ་ཆེན་ཁུལ་གཉིས་མཛའ་གྲོགས་གྲོང་ཁྱེར་དུ་གྱུར་བ་དང་། ལྷག་པར་དུ་2016ལོར་《ལོ་ལྔ་ཚན་བཅུ་གསུམ་པའི་ཁུན་མིང་དང་བདེ་ཆེན་གཉིས་ཀྱི་མཛའ་གྲོགས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་ནས་བཟུང་ང་ཚོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཁུན་མིང་དང་བདེ་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་གྱི་མཛའ་གྲོགས་མཉམ་ལས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།  གཅིག་ནི་སྲུབས་མེད་སྦྲེལ་མཐུད་ལ་དམིགས་ནས་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། གཉིས་ནི་མཛའ་མཐུན་སྤེལ་རེས་ལ་རྒྱང་རིང་པོར་དམིགས་ནས་འབྲེལ་འདྲིས་དང་སྤེལ་རེས་ཉིན་རེ་བཞིན་དམ་ཟབ་ཏུ་གྱུར་ཡོད། གསུམ་ནི་ཐོན་ལས་གསབ་རེས་ལ་དམིགས་ནས་དཔལ་འབྱོར་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཡོད། བཞི་ནི་དམངས་འཚོ་ལེགས་སུ་གཏོང་རྒྱུར་དམིགས་ནས་རོགས་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན། 

ཁྲེང་ལེན་ཡོན་གྱིས་ས་གནས་གཉིས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་འགོ་བཏོན་པ་སྟེ། གཅིག་ནས་མིག་སྔའི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་།ལེའུ་གསར་པ་རྩོམ་པར་ཇུས་འགོན་འཐེན་ནས་ཕྱོགས་གཉིས་པོས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། གཉིས་ནས་རྣམ་གྲངས་དམ་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འདེགས་སྐྱོར་གསར་པ་ཇེ་བརྟན་དུ་གཏོང་དགོས།   ཕྱོགས་གཉིས་པོས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཐོན་ལས་འཕེལ་རྒྱས་དང་།    དམངས་འཚོ་ལེགས་གཏོང་།        སྣོད་བཅུད་འཛུགས་སྐྱོང་།      ཤེས་ལྡན་པ་གསོ་སྐྱོང་དང་སྤེལ་རེས་སོགས་ཀྱི་ཐད་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་གཉིས་པོས་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུར་འདེགས་སྐྱོར་བྱེད་དགོས།  གསུམ་ནས་ལམ་སྲོལ་འཛུགས་རྒྱུར་སྣང་ཆེན་བྱས་ནས་ཕན་འབྲས་གསར་པ་འགན་ལེན་བྱེད་དགོས།     ཕྱོགས་གཉིས་པོས་ལས་ཀའི་མཐུན་སྦྱོར་ལམ་སྲོལ་དང་།  ཁ་གཏད་མཉམ་ལས་ལམ་སྲོལ།  སྤྱི་ཚོགས་ཞུགས་པའི་ལམ་སྲོལ།  མཉམ་ལས་རྣམ་གྲངས་ཀྱི་འགན་འཁྲིའི་ལམ་ལུགས།    སྐུལ་སྤེལ་ལམ་ལུགས་བཅས་སྔར་བས་འཐུས་ཚང་དུ་བཏང་ནས་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཁུན་མིང་གྲོང་ཁྱེར་གྱིས་ལོ་མང་རིང་མཛའ་གྲོགས་མཉམ་ལས་ལ་ཁ་གཏད་རོགས་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུས་པ་རེད།  བདེ་ཆེན་ཁུལ་གྱིས་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བཟུང་ནས་ལོ་ལྔ་ཚན་བཅུ་བཞི་པའི་ཁུན་མིང་དང་བདེ་ཆེན་གྱི་མཛའ་གྲོགས་མཉམ་ལས་ལ་ཇུས་འགོད་ནན་ཏན་བྱས་ནས་སློབ་གསོ་དང་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་ཁ་གཏད་རོགས་སྐྱོར་སྔར་བས་གཏིང་ཇེ་ཟབ་ཏུ་གཏོང་བ་དང་།  ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་རེ་འདུན་ཞུས་པ་རེད། 

ཁུན་མིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲའོ་ཞུའེ་ནུང་དང་བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ་ལི་ཡན་ལན་གྱིས་གྲོང་ཁྱེར་དང་ཁུལ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། 

ཁུན་མིང་གྲོང་ཁྱེར་གྱི་འགོ་ཁྲིད་ལཱ་མ་ཤིན་ཀའོ་དང་། ཞུང་རུའེ་ལི། དབྱང་རུང་།  ཞ་ཅུན་སུང་།  རང་ཁུལ་གྱི་འགོ་ཁྲིད་ཡུས་ཧྲེང་ཞང་དང་།  ཞུས་དབྱང་།  ཏུའུ་ཡུང་ཁྲུན།    དབྱང་ཙི་ཅང་།  མིའོ་ཡིའུ་ཧྥ།  ཁྲེན་ཅུན་མིང་།  ཁྲེང་ཕུང་བཅས་བྱེད་སྒོའི་ནང་ཞུགས་པ་རེད།     

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།