ཀྲུང་གོ་བོད་ཀྱི་དྲ་བ།

བོད་མིའི་སྤྲོ་ཁྱིམ་ཁང་དུ་འཛོམས་ནས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1_副本.jpg

རེ་ལྕག་མེ་ཏོག་གི་ཀློང་ནས་ཡིད་སེམས་ཚིམ་པའི་ཡུལ་སྐོར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་ཟླ་བཅུ་བའི་ནང་བདེ་ཆེན་མཐོ་སྒང་གིས་རྒྱལ་སྟོན་དུས་ཆེན་རིང་གི་ཡུལ་སྐོར་གྱི་ཚ་རླབས་དྲོན་མོ་དེ་བསུས་ཡོད་ཅིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ཚོས་པུར་མཁན་ཞིག་གི་སོར་རྩེར་ལས་ངོ་མཚར་གྱིས་བཞེངས་པ་ལྟ་བུའི་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་དག་ལ་རོལ་མྱོང་བྱེད་པ་ལས་གཞན་ད་དུང་བོད་མིའི་སྤྲོ་ཁྱིམ་ཁང་དུ་ཕེབས་ནས་ས་གནས་འདི་གའི་དམངས་སྲོལ་རིག་གནས་ཀྱང་ཉམས་སུ་མྱངས་ཡོད།  

རྒྱལ་སྟོན་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱི་རེ་ལྕག་མེ་ཏོག་ལ་དམར་དམངས་ཡོངས་སུ་རྒྱས་ནས་ལམ་འགྲོ་བ་ཡོངས་ཀྱི་མིག་གི་དབང་བོ་ཅིག་ཅར་དུ་འཕྲོག་པ་དང་།  སེམས་ཀྱི་ཉི་ཟླའི་དཔྱིད་ཀ་ལ་མཛེས་པ་ལྷག་མ་ཞིག་བསྣན་འདུག   དམར་མདངས་བཀྲ་བའི་རེ་ལྕག་མེ་ཏོག་རེ་རེས་དུས་སྟོན་ལ་མཛེས་སྡུག་གི་རྒྱན་ཆ་སྤྲས་པ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ཞིང་མེས་རྒྱལ་འདི་ཉིད་སྔར་ལས་སྟོབས་འབྱོར་མངའ་ཐང་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཀུན་ནས་མཚུངས།མེ་ཏོག་གི་ཀློང་ན་མགྲོན་པོ་རྣམས་ནི་དགའ་བའི་དཔལ་གྱིས་མྱོས་ནས་དྲན་རྟེན་བསྐྱོན་པའི་ལས་ལ་བྲེལ་ཞིང་གང་སར་དགའ་སྤྲོའི་དགོད་སྒྲས་འཁེངས་འདུག   རེ་ལྕག་མེ་ཏོག་གི་ཀློང་ན་དྲན་རྟེན་བསྐྱོན་པའི་ཡུལ་སྐོར་བ།

2_副本.jpg

བོད་མིའི་སྤྲོ་ཁྱིམ་ཁང་དུ་ལྟད་མོར་ཕེབས་པའི་ཡུལ་སྐོར་བ།

ཟླ་10པའི་ཚེས་3ཉིན་གྱི་དགོང་མོར་ཕོ་བྲང་བོད་ཁྱིམ་གསོལ་སྟོན་ཁང་གི་འདུག་ས་ཡོངས་ལ་ཡུལ་སྐོར་བས་བཀང་ཞིང་། སྙན་འཇེབས་ལྡན་པའི་པི་ཝང་ཞིག་ལས་བོད་རིགས་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པ་མཚོན་ཡོང་ལ། གོས་འཁྲུད་པའི་གླུ་ཞེས་པ་ལས་བཅིངས་འགྲོལ་དམག་དང་བོད་མིའི་དབར་གྱི་ཉ་ཆུའི་ལྟ་བུའི་བརྩེ་སེམས་མངོན་ཡོད། མཚོ་བོད་ས་མཐོ་ཞེས་པའི་གཞས་སྙན་དེས་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་ནས་འགྱུར་ཁུགས་རེ་རེ་ལས་མཐོ་སྒང་གི་རྔམ་བརྗིད་དང་མཛེས་པ་རོལ་མྱོང་བྱེད་ཐུབ་ཡོད།  ཡུལ་སྐོར་བ་ཚོས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བེ་ཤ་དང་ཚགས་ཤ།  ནས་ཆང་སོགས་ཀྱི་བྲོ་བ་ཞིམ་པོ་མྱོང་བ་དང་། ལག་ལ་བཀྲ་ཤིས་པའི་ཁ་བཏགས་བཟུང་ནས་ལྷག་བསམ་གཙང་མའི་སེམས་འདུན་མཚོན་པར་བྱེད།   དགའ་སྤྲོའི་ཀློང་ན་མི་རྣམས་ཀྱིས་མཐོ་སྒང་གི་གྲང་ངར་བརྗེད་ཅིང་གླུ་ལེན་གར་རྩེད་བྱེད་ཞོར་དགའ་བའི་དཔལ་གྱིས་མྱོས། 

རྒྱལ་སྟོན་རིང་བོད་མིའི་སྤྲོ་སྐྱིད་ཁང་སོ་སོར་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ཉིན་དེའི་དགོང་མོར་ཕོ་བྲང་བོད་ཁྱིམ་གསོལ་སྟོན་ཁང་དུ་ཡུལ་སྐོར་བ180ལྷག་ཡོང་ནས་ཟ་འཐུང་དང་དམངས་སྲོལ་རིག་གནས་སྐོར་རོལ་མྱོང་བྱས་ཡོད།ཞབས་ཞུ་མི་སྣ་ཚོས་ཀྱང་ཅི་ནུས་ཀྱིས་བཟའ་བཅའི་རྒྱུ་ཆ་ལེགས་ཤོས་འདེམས་པ་དང་།ནང་དོན་ཕུན་སུམ་ཚོགས་པའི་གླུ་གར་ལེ་ཚན་གྲ་སྒྲིག་གང་ལེགས་བྱས་ནས་ཡུལ་སྐོར་བའི་ཡིད་སེམས་ཚིམ་དུ་བཅུག་ཡོད།     

3_副本.jpg

གླུ་གར་གྱི་མཆོད་པ།

འཁྲབ་སྟོན་མཇུག་འགྲིལ་རྗེས་ཡུལ་སྐོར་བ་དང་ཞབས་ཞུ་མི་སྣ་ཚོས་མཉམ་དུ་མེ་ཕུང་དགོང་ཚོགས་བསྡུས་ནས་དགའ་བའི་གླུ་དང་སྐྱིད་པའི་བྲོ་གར་འཁྲབ་ཡོད་ཅིང་། ལག་གདེང་གཅིག་ཏུ་སྦྲེལ་ནས་ཕན་ཚུན་གྱི་མཛའ་བརྩེ་ཇེ་དྲག་ཏུ་བཏང་སྟེ་སྤྲོ་སྣང་གི་ཁྲོད་ནས་བརྗེད་དཀའ་ཞིང་དྲོད་སྣང་ལྡན་པའི་མཐོ་སྒང་གི་མཚན་མོ་ཞིག་ཕར་བསྐྱལ་ཡོད་པ་རེད།    

4_副本.jpg

ལག་གདེང་གཅིག་ཏུ་སྦྲེལ་ནས་མེ་ཕུང་དགོང་ཚོགས་རོལ་བ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།