ཀྲུང་གོ་བོད་ཀྱི་དྲ་བ།

འབའ་ལུང་རྫོང་གི་ཞིང་པ་ཚོས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10པའི་ཚེས་2ཉིན་འབའ་ལུང་རྫོང་ཕན་ཐེན་སྒང་ཤང་དུ་ལོ་ལེགས་དུས་ཆེན་སྐབས་གཉིས་པ་དང་འབྲུ་ནག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་འཚོགས་ཤིང་།ཉེ་འཁོར་ས་གནས་ཀྱི་མང་ཚོགས་རྣམས་གཞི་གཅིག་ཏུ་འཛོམས་ནས་ཉ་ལ་རེག་པ་དང་།འབྲུ་ནག་བརྔ་བ། རྐང་ཐང་དུ་བསྐྱོད་པ། ལྕགས་རྟ་ཞོན་པ་སོགས་ཀྱི་བྱེད་སྒོ་སྣ་མང་ཞིག་བསྡུས་ཡོད།  

1_副本.jpg

རིགས་སོ་སོའི་མང་ཚོགས་རྣམས་གཞི་གཅིག་ཏུ་འཛོམས་ནས་ལྟད་མོར་བལྟ་བ།

       ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཕན་ཐེན་སྒང་ཤང་གི་ལོ་ལེགས་དུས་ཆེན་སྐབས་གཉིས་པ་དང་འབྲུ་ནག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པར་དེ་སྔོན་གྱི་ལྕགས་རྟའི་འགྲན་རྒྱུག་དང་།རྐང་ཐང་དུ་བསྐྱོད་པ། མདའ་འཕེན་པ་སོགས་ཀྱི་འགྲན་བསྡུར་ཡོད་པ་མ་ཟད། ད་དུང་འབྲུ་ནག་བརྔ་བ་དང་། འབྲས་ཞིང་ནང་ནས་ཉར་རེག་པ་སོགས་ཀྱི་ངལ་གསོའི་ལུས་རྩལ་འགྲན་བསྡུར་ཡང་སྤེལ་ནས། བག་ཕེབས་པ་དང་ཉམས་སྤྲོ་བའི་ངང་ནས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བའི་རྣམ་པ་བཟང་བོ་ཞིག་བསྐྲུན་ཡོད།  

2_副本.jpg

རིགས་སོ་སོའི་མང་ཚོགས་རྣམས་གཞི་གཅིག་ཏུ་འཛོམས་ནས་ལྟད་མོར་བལྟ་བ།

     སྐབས་གོང་མ་གཉིས་ཀྱི་འབྲུ་ནག་དུས་ཆེན་དང་མི་འདྲ་བ་ནི། ད་ལོར་སེམས་ཀྱི་ཉི་ཟླའི་ཡུང་ཁྲང་ཞིང་ལས་ཚན་རྩལ་ཞབས་ཞུ་ཚད་ཡོད་ཀུང་སིས་ད་དུང་ཀོང་ཏུང་མུའུ་ཅན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་ཕྱུག་འགྱུར་བར་ཁྱམས་རྒྱ་བསྐྱེད་པའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། དེས་ཕན་ཐེན་སྒང་ཤང་གི་འབྲུ་ནག་དང་།དམངས་སྲོལ་རིག་གནས།ཞིང་ལས་ཁྱད་ལྡན་ཐོན་རྫས་སོགས་ཁྱབ་སྤེལ་གཏོང་བར་ནུས་པ་བླ་ལྷག་འདོན་ཐུབ་ཅིང་། གསོ་སྦྱོང་གི་བྱེད་ཐབས་བརྒྱུད་དེ་མང་ཚོགས་ཚོས་སྨྱན་སྦྱོར་གསར་པ་བེད་སྤྱོད་གཏོང་ཤེས་པ་དང་།འདི་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་བརྒྱུད་ནས་ཕྱིར་ཚོང་བྱས་ཏེ་འབབ་འཕར་གྱི་དམིགས་ཡུལ་འགྲུབ་པར་བྱ་རྒྱུ་དེ་རེད།

   ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཕན་ཐེན་སྒང་ཤང་གི་ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་དེ་བཞིན་ཁྱད་ཆོས་ཆེན་པོ་ལྡན་པའི་ལེགས་ཆའི་ཐོན་ཁུངས་ལ་ཕན་ཐེན་སྒང་གི་འབྲུ་ནག་རིག་གནས་དུས་ཆེན་གྱི་ཡུལ་སྐོར་སྤུས་རྟགས་ནུས་ཤུགས་ཡོད་རྒུས་མཐོར་འདེགས་གཏོང་བ་དང་། མི་རིགས་ཁག་གི་ཞི་མཐུན་མཉམ་འདྲེས་ཡར་ཐོན་ལ་སྐུལ་འདེད་གཏོང་བ།ས་གནས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།ཕྱོགས་ཡོངས་ནས་ཤང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་རྒྱུའི་ཆེད་དུ་རེད།   

     གཞན་ཡང་ཕན་ཐེན་སྒང་ཤང་གི་ལོ་ལེགས་དུས་ཆེན་སྐབས་གཉིས་པ་དང་འབྲུ་ནག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་ཐོག་མི་སྟོང་གི་གསོལ་སྟོན་བཤམས་ནས་མི་རྣམས་ཀྱིས་ལོ་ལེགས་འབྱུང་བར་རྟེན་འབྲེལ་ཞུ་བའི་སྤྲོ་སྣང་ལོངས་སུ་སྤྱད་ཡོད་པ་རེད། 

3_副本.jpg

འབྲུ་ནག་བརྔ་བའི་ཚུལ།

    ཕན་ཐེན་སྒང་ལས་གཞན་འབའ་ལུང་རྫོང་ཡུང་ཁྲུན་ཤང་གི་སན་ཅ་གྲོང་ཚོས་ཀྱང་ལོ་ལེགས་དུས་ཆེན་སྐབས་གཉིས་པ་དང་ཉ་འཛིན་པའི་བྱེད་སྒོ་བསྡུས་ཡོད་ཅིང་།  ཡུང་ཁྲུན་གཙང་བོའི་ཉེ་འདབས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་གླུ་ལེན་གར་རྩེད་སོགས་བྱེད་སྒོ་སྣ་མང་བསྡུས་ནས་མེས་རྒྱལ་འདི་ཉིད་ཕུན་ཚོགས་དར་རྒྱས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།