བདེ་ཆེན་ནས་མེས་རྒྱལ་ལ་རྟེན་འབྲེལ་ཞུ་ཞེས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་དགོང་ཚོགས་འཚོགས།

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནམ་ཟླ་སྟོན་ཀ་སླེབས་པ་ན། གསེར་མདོག་གི་སེམས་ཀྱི་ཉི་ཟླའི་ཞིང་བ་མང་ཚོགས་སྟོན་བསྡུའི་ལས་བྲེལ་བཞིན་ཡོད་ལ།འདི་ཡང་རྒྱལ་ཁབ་དབུ་བརྙེས་ལོ་ངོ་བདུན་ཅུ་འཁོར་བའི་སྟོན་བསྡུའི་དུས་བཟང་གི་དགའ་སྟོན་ཞིག་ཡིན་ཞེས་བརྗོད་ཆོག་ཅིང་།ལོ་ངོ་བདུན་ཅུའི་འབད་བརྩོན་ལས་ཐོབ་པའི་འབྲས་བཟང་ལ་རྟེན་འབྲེལ་ཞུ་བའི་དགའ་སྟོན་མཐོ་སྒང་གི་སྟོན་བསྡུའི་དུས་བཟང་འདིའི་དང་མཉམ་དུ་བསུ་བཞིན་ཡོད་དེ། ཕྱོགས་སོ་སོ་ན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་འགའ་སྟོན་གྱི་སྣང་བ་ཞིག་གིས་ཁེངས་ཡོད། སྤྱི་ཟླ་9བའི་ཚེས་28ཉིན་གྱི་དགོང་མོར་སེམས་ཀྱི་ཉི་ཟླའི་མི་རིགས་ཟློས་གར་ཁང་དུ་མེས་རྒྱལ་ལ་རྟེན་འབྲེལ་ཞུ་ཞེས་པའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་རིག་རྩལ་དགོང་ཚོགས་སྤེལ་ཤིང་། བདེ་ཆེན་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་དགའ་སྟོན་གྱི་དུས་ཆེན་འདི་ལ་རོལ་བ་རེད།

1.jpg

3.jpg

འཁྲབ་སྟོན་མིག་གི་དགའ་སྟོན།

དགོང་ཚོགས་དེ་རྒྱལ་གླུ་དང་མཉམ་དུ་གཟབ་རྒྱས་ཀྱིས་འགོ་བརྩམས་ལ།རླུང་གིས་སྐྱོད་པའི་རྒྱལ་དར་འོག་ནས་བདེ་ཆེན་གྱི་མི་རིགས་26་གི་གཟབ་ཆས་སྤྲས་པའི་འཁྲབ་སྟོན་པ་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱལ་གླུ་བླངས་ཤིང་།ཚོགས་རའི་ནང་གི་ལྟད་མོ་བ་མང་བོ་ཡང་ར་བཞེངས་ནས་རྒྱལ་དར་ལ་གུས་འདུད་ཞུས།དེ་ནས་སྔ་ཕྱི་བྱས་ནས་འཇོལ་གཞས་དང་མེས་རྒྱལ་གྱི་སྟོན་གླུ། རྒྱལ་ཐང་གི་སྐོར་བྲོ།མཐར་ཆུའི་རས་པ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་སྣ་ཚོགས་བྱས་ཤིང་། གཡག་རྭའི་མངགས་གཏོང་གི་སྤྱོད་བཟང་ལ་བསྟོད་པའི་སྙན་ངག་གྱེར་འདོན་བྱས་ཏེ།དགོང་ཚོགས་དེ་རེ་ཞིག་མཐོ་རླབས་སུ་སྐུལ་བ་རེད། ཐེངས་འདིའི་དགོང་ཚོགས་ལ་རང་ཁུལ་གྱི་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ་མང་བོ་ཡང་གདན་འདྲེན་ཞུས་ཡོད་ལ།ཁོ་ཚོ་ནི་ལོ་ངོ་བདུན་ཅུའི་འཕེལ་རྒྱས་དང་ལོ་ངོ་བདུན་ཅུའི་འགྱུར་ལྡོག་གི་བདེན་དཔང་བ་ཡིན་ཏེ།མིག་མཐོང་ལག་ཟིན་གྱི་འཁྲབ་སྟོན་འདི་དག་བརྒྱུད་ནས་འདས་ཟིན་པའི་ལོ་རྒྱུས་ཀྱི་དྲན་པ་གསོས་ན་ཁོ་ཚོའི་མིག་ཟུང་ལས་དགའ་སྣང་ཞིག་དབང་མེད་དུ་མངོན་ཡོང་ལ།དགའ་སྣང་ནི་ཆེས་སླད་མེད་ཅིག་དང་ཆེས་རྣམ་དག་ཅིག་ཡིན་པ་སྨྲས་ཅི་དགོས། དགོང་ཚོགས་ཡང་འདི་ལྟར་དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་སྤེལ་རྗེས་མེས་རྒྱལ་ལ་བསྟོད་པའི་སྙན་ངག་གྱེར་འདོད་ཅིག་དང་མཉམ་དུ་ཡོངས་སུ་མཇུག་རྫོགས་སོང་། 

5.jpg

ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པས་འཁྲབ་སྟོན་ལ་བལྟས་ཡོད་པ།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།