ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་སྟོན་ལྗོངས་མཛེས་ཤིང་ལྟ་ན་སྡུག

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་རི་ཚོགས་གཡང་གཟར་ཁྲོད་དུ་ནམ་ཡང་ཞི་བདེ་དང་ལྷིང་འཇགས་ཀྱི་གནས་ཤིག་ཡོད། དེ་ནི་སེམས་ཀྱི་ཉི་ཟླ་རེད། “གཙང་གསུམ་མཉམ་རྒྱུག”གི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་མུ་ཏིག་ལྟ་བུའི་མཛེས་ལྗོངས་ཁུལ་ཞིག་ཡིན་པའི་ངོས་ནས་སེམས་ཀྱི་ཉི་ཟླའི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་མང་བ། གངས་རི་ངོ་མཚར་ཆེ་བ། གྲོག་རོང་གཡང་གཟར་ཆེ་བ། རྩྭ་ཐང་སྔོ་ཞིང་ནགས་ཚལ་སྟུག་པ། གཙང་པོ་དྲག་ཏུ་རྒྱུག་པ། མཚེའུ་མཛེས་པ། རིག་གནས་སྣ་མང་། དམངས་སྲོལ་བབ་ཆགས་པ་བཅས་ཡོད།

2.jpg

སྟོན་དུས་ཀྱི་སེམས་ཀྱི་ཉི་ཟླ་ནི་ཚོན་མདངས་ཕུན་སུམ་ཚོགས་ཤོས་ཀྱི་དུས་ཚིགས་ཤིག་ཡིན་ཞིང་། གངས་རི་རྭ་བས་བསྐོར་བའི་ནང་དུ་ཐང་དང་སྤང་ལྗོངས་ཆེ་ཆུང་སྣ་ཚོགས་ཁྱབ་ཡོད་ལ། ལྷིང་འཇགས་པའི་མཚེའུ་དང་། ལྡིང་བཞིན་པའི་སྤྲིན་དཀར་བཅས་ལས་བཀྲག་མདངས་འཚེར་བའི་མཛེས་སྡུག་ཅིག་མངོན། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་མི་ཆོས་རིག་གནས་ཐོན་ཁུངས་ལ་བརྟེན་ནས་བདེ་ཆེན་གྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་ལོ་ནས་བཟུང་། ཡུལ་སྐོར་གྱི“ཐོན་རྫས་མཁོ་སྤྲོད”ཀྱི་གསར་བརྗེར་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད། ས་གནས་དེ་གའི་ཡུལ་སྐོར་ཐོན་རྫས་ཀྱི་གྲུབ་ཆ་དེ་ལྟ་སྐོར་གཙོ་བོར་བྱེད་པ་ནས་སྤྲོ་གསེང་དང་ལུས་ཁམས་བདེ་ཐང་། རིག་གནས་ཉམས་ལེན། ཚན་རྩལ་ཁྱབ་གདལ་སློབ་གསོ་སོགས་ཡུལ་སྐོར་སྣ་ཚོགས་གལ་ཆེ་མཉམ་བརྩི་བྱེད་པའི་མཉམ་འདུས་ཅན་གྱི་ཕྱོགས་སུ་བསྒྱུར་ཡོད།

3.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།