ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ན་སྟོན་བསྡུའི་ལས་ལ་བྲེལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱི་མཐུན་སྒྲིལ་གྲོང་ཚོ་ན།  གནས་འདིའི་བུད་མེད་རྣམས་ཀྱིས་ལག་ལ་ཟོར་བ་བཟུང་སྟེ་བྲེལ་འཚུབ་ཀྱིས་ཞིང་ཁར་སོང་ནས་ལོ་གཅིག་གི་སྟོན་བསྡུའི་ལས་ལ་བརྩོན་བཞིན་ཡོད། ཉི་འོད་ཀྱི་ཚ་ཟེར་འོག་ན་ཁོ་ཚོའི་གདོང་ན་རྔུལ་ཆུ་ཤམ་ཤམ་བྱེད་བཞིན་ཡོད་མོད། ཕྱི་འདོད་ཀྱི་ཁོམ་ལུང་མེད་པར་མུ་མཐུད་དུ་ལས་ཞོར་དང་དགོད་ཞོར་གྱིས་ལས་ལ་བྲེལ་བཞིན་ཡོད། གོ་རིམ་ཡོད་ལ་ལག་ལ་བྱང་ཆ་ཡོད་པའི་སོ་ནམ་པ་རྣམས་གྱིས་ངལ་བ་མེད་པར་སྟོན་བསྡུའི་ལས་ལ་བྲེལ་བཞིན་པའི་རྣམ་པ་འདི་དང་། བསིལ་འཇམ་གྱི་རླང་བུ་གཡུག་ཐེངས་རེར་གསེར་མདོག་གི་རླབས་འཕྲེང་གཡོ་བའི་སྣང་བ་གཉིས་ནི་སྟོན་ཀའི་མཛེས་སྡུག་ངོ་མ་ཡིན། །(མ་ཅན་ཅུན་གྱིས་པར་རིས་གསར་འགྱུར་བཀོད།)

༢.jpg

༣.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།