ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་མཆོད་དུས་ཆེན་ལ་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི27སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་མཆོད་དུས་ཆེན་ལ་ཁུལ་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས269698སྣེ་ལེན་བྱས་པ་དང་དུས་མཚུངས་ལས1.17%འཕར་ཞིང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.57ཟིན་པ་དེ་དུས་མཚུངས་ལས4.67%འཕར་ཡོད་པ་རེད། ཁུལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་སྤྱིའི་འཁོར་སྐྱོད་བརྟན་པོ་ཡིན་ཞིང་། ཡུལ་སྐོར་བའི་ཞུ་གཏུག་མངོན་གསལ་སྒོས་ཇེ་ཉུང་དང་བློ་ཡིད་ཚིམ་ཚད་ཇེ་མཐོར་ཕྱིན་པ་རེད།

 ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ཐུང་བས་ཡུལ་སྐོར་བས་གཙོ་བོ་ཉིན་གཅིག་གི་ཡུལ་སྐོར་དང་། ཐག་ཉེ་སར་ཡུལ་སྐོར་བྱེད་པ་གཙོ་བོར་བཟུང་བ་དང་ཆབས་ཅིག་ཏུ་མི་སྒེར་གྱིས་རླངས་འཁོར་སྐོར་ནས་ཡུལ་སྐོར་བྱེད་པའི་གྲངས་འབོར་ཡང་མང་དུ་ཕྱིན་པ་རེད། 

ཟླ་མཆོད་དུས་ཆེན་ལ་ཁུལ་ཡོངས་ཀྱིས་ཉིན1རིང་གི་ཡུལ་སྐོར་བ་བསྡོམས་པས་མི་ཐེངས168672སྣེ་ལེན་བྱས་པ་དེས་ཡུལ་སྐོར་བའི་བསྡོམས་གྲངས་ཀྱི62.5%ཟིན་པ་དང་། མི་སྒེར་གྱི་རླངས་འཁོར་ཁྱོན43016ལ་སྣེ་ལེན་བྱས་པ་རེད།

 དེའི་རིང་ལ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་སྲོང་བཙན་གླིང་དགོན་གྱི་མཛེས་ལྗོངས་ཁུལ་ནི་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་ཆེས་མང་པའི་ལྗོངས་ཁུལ་དུ་གྱུར་ལ། དེ་གཉིས་ཀྱིས་ཡུལ་སྐོར་བ་མི་ཐེངས8826དང་མི་ཐེངས4201ལ་སྣེ་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།