ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ལས་དངུལ་ཁང་གིས་དངུལ་བུན་གཏོང་ཚད66%མང་དུ་བཏང་ནས་དབུལ་སྐྱོར་གཙོ་གནད་རྫོང་ལ་སྤྱད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དངུལ་བུན་སྒོར་ཁྲི་200གཡར་ནས་ཟླ་གཅིག་ལས་མ་སོང་བའི་བར་སྒོར་ཁྲི་10ལྷག་ཙམ་བྱུང”འདི་ལོའི་ཤིང་ཏོག་ལིའི་སྐོར་བརྗོད་སྐབས། ཡུན་ནན་ལུའུ་ཤིས་ཀྱི་ཝང་ཀྲུང་ཐང་གིས་དགའ་ཚོར་ཆེན་པོས་ཞིང་ལས་དངུལ་ཁང་གི“གྲོང་གསེབ་དར་རྒྱས་ཀྱི་དངུལ་བུན”ལ་བསྔགས་བརྗོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བདུན་པའི་ཟླ་མཇུག་བར། ཞིང་ལས་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཡུན་ནན་ཞིང་ཆེན་གྱི་དབུལ་སྐྱོར་གཙོ་གནད་རྫོང་88ལ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར1335.62དེ་ལོ་འགོ་ལས་སྒོར་དུང་ཕྱུར172.2འཕར་བ་དང་འཕར་ཚད14.80%ཟིན་པ་དེ་ནི་དངུལ་ཁང་ཧྲིལ་པོའི་ཆ་སྙོམས་དངུལ་བུན་གཏོང་བའི་འཕར་ཚད9.21%གི་ལྡབ1.6ཡིན་པ་དང་དབུལ་སྐྱོར་གཙོ་གནད་རྫོང་གི་གསར་འཕར་དངུལ་བུན་གྱིས་དངུལ་ཁང་ཧྲིལ་པོའི་དངུལ་བུན་གཏོང་ཚད་ཀྱི66%ཟིན་ཡོད་པ་རེད།

ད་ལོའི་ལོ་སྟོད་དུ་ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ལག་བསྟར་བྱས་པའི“གྲོང་ཚོ་རེ་ལ་སྤུས་རྟགས་རེ”དང་། “ཤང་རེ་ལ་ཐོན་ལས་རེ”“རྫོང་རེ་ལ་ཁྱད་ལྡན་རེ”བཅས་ཀྱི་ཐོན་ལས་སྐུལ་སྤེལ་བྱ་སྤྱོད་གཞིར་བཟུང་། ཞིང་ལས་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ས་མཐོའི་ཁྱད་ལྡན་ཞིང་ལས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་དམིགས་ཏེ“ཚོན་མདོག་སྣ་བདུན་གྱི་ཡུན་ནན”ཞེས་པའི་ཐོན་རྫས་རབ་དང་རིམ་པ་གསར་དུ་བཏོན་ཡོད། དེའི་ནང“ཕུའུ་ཨར་དངུལ་བུན”དང་། “ཤིང་མངར་འདེབས་འཛུགས་ཞིང་པའི་དངུལ་བུན”“གྲོང་གསེབ་དར་རྒྱས་དངུལ་བུན”“འོད་ཤུགས་དངུལ་བུན”སོགས་ཐོན་རྫས20ཙམ་ཚུད་པ་དང་རིམ་རྩིས་བརྒྱབ་ན་ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར57.73བཏང་ནས་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་ཞིང་དུད་དབུལ་པོ་འབབ་འཕར་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ཡོད། དུས་མཚུངས་ཐོན་ལས་འཁོར་སྦྲེལ་གོང་འོག་གི་ཞིང་དུད་ལ་དམིགས་ཏེ་མི་སྒེར་ལ་གནད་སྨིན་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར22.04བཏང་སྟེ་ཞིང་དུད་དབུལ་པོས་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་པས་མི་འབོར་དབུལ་པོ་ཁྲི35.75ལ་སྐུལ་ཁྲིད་ཐུབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།