ཀྲུང་གོ་བོད་ཀྱི་དྲ་བ།

ཧུང་ཡོན་རྫོང་གིས་དབུལ་སྐྱོར་མཐུན་སྦྱོར་ཚོགས་འདུ་འཚོགས།

ཡོང་ཁུངས། : རྔ་བའི་གསར་འགྱུར་དྲ་བ།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། ཧུང་ཡོན་རྫོང་གིས་2019ལོའི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ནས། དུས་སྐབས་སྔོན་མའི་ལས་དོན་གྱི་སྐུལ་འདེད་གནས་ཚུལ་ལ་ཕྱོགས་བསྡོམས་དང་དུས་སྐབས་རྗེས་མའི་རོགས་སྐྲུན་ལས་དོན་ལ་སྐུལ་འདེད་ཡག་པོ་གཏོང་རྒྱུར་བཀོད་སྒྲིག་བྱས་པ་རེད། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཅང་མིང་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་ཀྱང་གནང་བ་རེད། རྫོང་ཨུའི་རྒྱུན་ཨུ་ལུའི་ཅིན་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

ཚོགས་འདུའི་ཐོག་ཅང་མིང་ཕིང་གིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་ལས་དོན་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་དོན་ཞིག་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། རྫོང་ཡོངས་ཀྱི་གོང་འོག་ཚང་མས་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཕན་འབྲས་གསར་པ་ཐོན་རྒྱུའི་བརྩོན་ལེན་བྱེད་དགོས། མཉམ་ལས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་མཉམ་ལས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོའི་ངལ་ནུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་གཉིས་བར་འགྲོ་འོང་དང་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ། དམིགས་ཚད་ལས་འགན་སྔར་བས་ཁ་གསལ་བཟོས་ནས་རང་འགུལ་ངང་བྱས་རྗེས་འཇོག་དགོས། གནད་དོན་དང་དཀའ་ངལ་ཤེས་རྟོགས་བྱུང་ཚེ་རང་འགུལ་ངང་ཐག་གཅོད་བྱེད་དགོས་པ་དང་ལས་ཀའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱེད་དགོས། རོགས་སྐྱོར་གྱི་གོ་སྐབས་ལ་གཅེས་སྤྲས་བྱེད་པ་དང་། འབྲེལ་གཏུག་དང་སྙན་སེང་ཧུར་ཐག་ཞུ་བ། རོགས་སྐྱོར་ཐོན་ཁུངས་གང་ལེགས་སྤྱོད་པ། འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ནས་རང་རེའི་རྫོང་གི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། 

ལུའི་ཅིན་ཅིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ཇི་ལྟར་བྱས་ནས་ལག་བསྟར་ཡག་པོ་བྱ་རྒྱུའི་ཐད་བསམ་འཆར་ཁག་གསུམ་བཏོན་པ་སྟེ། གཅིག་ནི་དོན་འཁྱོལ་དམ་འཛིན་བྱེད་དགོས། རོགས་སྐྲུན་ལས་དོན་གྱི་དོན་དངོས་དང་ཆབ་སྲིད་ཀྱི་དོན་སྙིང་ལ་ཚད་མཐོའི་ངོས་འཛིན་བྱས་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་འགན་ལེན་བྱེད་དགོས། གཉིས་ནི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས། རོགས་སྐྲུན་ལས་དོན་གྱི་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གཞིར་བཟུང་སྟེ། སྔར་བས་ཁ་གསལ་བཟོས་ནས་ལས་དོན་ཁག་ལ་དོ་དམ་བྱེད་མཁན་ཡོད་པ་དང་ཕན་འབྲས་དངོས་ཐོན་པ་འགན་ལེན་བྱེད་དགོས། གསུམ་ནི་མཐུན་སྦྱོར་གཞོགས་འདེགས་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་དགོས། མཉམ་བཞུགས་གྲོས་མོལ་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་གཏུག་མང་ཙམ་དང་། གྲོས་མོལ་མང་ཙམ་བྱེད་པ། ཐག་གཅོད་མྱུར་པོ་བཅས་བྱས་ཏེ་རྫོང་ཡོངས་ཀྱི་གོང་འོག་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་རོགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ནས་རོགས་སྐྲུན་ལས་དོན་ཧྲིལ་པོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། 

ཚོགས་འདུའི་ཐོག་རྫོང་འཕེལ་སྒྱུར་ཅུས་ཀྱི་འགན་འཁུར་བས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་རྣམ་གྲངས་ཀྱི་སྐུལ་འདེད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། རྩ་འཛུགས་པུའུ་དང་། དྲིལ་བསྒྲགས་པུའུ། དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་ཅུས། ལས་ཞུགས་ཅུས། མཁོ་ཚོང་ཁང་སོགས་ཀྱིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་དམིགས་ནས་གཏམ་བཤད་སྤེལ་རེས་བྱས་པ་རེད། 

རྫོང་ཨུའི་གཞུང་ལས་ཁང་དང་། སྲིད་གཞུང་གཞུང་ལས་ཁང་། རྩ་འཛུགས་པུའུ། དྲིལ་བསྒྲགས་པུའུ། རྫོང་སྤྱི་ཁྱབ་བཟོ་ཚོགས་སོགས་འབྲེལ་ཡོད་རོགས་སྐྲུན་རོགས་སྐྱོར་ལས་དོན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།