ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་སྣ་མང་འཆམ་མཐུན་མཉམ་གནས་བྱེད་པའི་རྡོ་མཁར་རྫོང་།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3ba9c021-2dce-4f0d-8000-3638e7fecbcc.jpg

འཆམ་མཐུན་གྱི་སྟག་ལུང་ལམ་སྡེ་ཁུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྡོ་མཁར་རྫོང་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གནས་ཡོད་ལ།  དེའི་ནང་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་བདག་གཉེར་བྱེད་ཡོད་པའི་མགྲོན་ཁང་དང་།  ཡུལ་གཞན་ནས་ཡོང་བའི་མི་རྣམས་ཀྱིས་བདག་གཉེར་བྱེད་པའི་ཚོང་ཁང་སྣ་ཚོགས།  ཐ་ན་ཕྱི་རྒྱལ་བ་ཡིས་བདག་གཉེར་བྱེད་པའི་ཆང་ཁང་དང་མགྲོན་ཁང་མི་ཉུང་བའང་ཡོད།   ས་འདིར་སྙན་གྲགས་ཆེ་བའི་འཁོར་ལོ་ཆེན་པོ་ཡོད་པ་དང་། རི་འདབས་ནི་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་ཡོད།  ས་འདིར་འཚོ་བ་སྐྱེལ་ཡོད་པའི་མང་ཚོགས་འགའི་ཁྱིམ་ཚང་གཅིག་ནང་མི་རིགས་མང་པོ་འཛོམས་ཡོད།  ས་འདི་ནི་བདེ་ཆེན་གྱི་མི་རིགས་མང་པོས་འཆམ་མཐུན་མཉམ་གནས་བྱེད་ཡོད་པའི་བསྡུས་རིས་ཡིན།

2.jpg


རྡོ་མཁར་རྫོང་ནང་གི་སྟག་ལུང་ལམ་སྡེ་ཁུལ་ནི་2013ལོའི་ཡུན་ནན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་དཔེ་མཚོན་སྡེ་ཁུལ་ཞིག་ཡིན་ལ།  བོད་རིགས་གཙོ་བོར་བྱེད་པ་དང་འཇང་རིགས།  དབྱི་རིགས།  པའེ་རིགས།  རྒྱ་རིགས་སོགས་མི་རིགས་སྣ་མང་འཆམ་མཐུན་མཉམ་གནས་བྱེད་ཡོད་པའི་སྡེ་ཁུལ་ཞིག་ཡིན། མང་ཚོགས་ལ་སྟབས་བདེ་སྐྲུན་པའི་ཆེད་དུ།  སྟག་ལུང་ལམ་སྡེ་ཁུལ་གྱིས་ཕྱོགས་བསྡོམས་ཁང་པ་དང་ལག་རྩེད་སྤོ་ལོའི་ཐང་སོགས་བསྒྱུར་བཀོད་དང་བཟོ་སྐྲུན་བྱེད་པ་དང་།  སྡེ་ཁུལ་གྱི་དམངས་བདེ་ཞབས་ཞུ་ལྟེ་གནས་ཁྲོད་ཀྱི་གྲངས་ཉུང་མི་རིགས་ཞབས་ཞུ་ལས་གནས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་ཤེས་པའི་དང་བླངས་པ་བསྡུ་ནས་རྒྱ་སྐད་མི་ཤེས་པའི་ཡུལ་མི་རྣམས་ལ་སྟབས་བདེ་སྐྲུན། སྟག་ལུང་ལམ་སྡེ་ཁུལ་གྱིས་ད་དུང་རྒྱལ་ཐང་སྐོར་བྲོ་རྒྱུན་འཛིན་ལྟེ་གནས་བཙུགས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱལ་ཐང་སྐོར་བྲོའི་རྒྱུན་འཛིན་སྡེ་ཁུལ་གྱི་མཚན་སྙན་ཐོབ་ཡོད། 

3.jpg

དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་།

རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་གྱི་བྱང་ཕྱོགས་ནི་སྤྱི་ཁང་ཡིན་ལ། དེ་ནི་སྔོན་གྱི་རྡོ་མཁར་རྫོང་ཡུལ་མི་རྣམས་ཀྱིས་འདུ་ཚོགས་དང་དོན་གྲོས་བྱེད་ས་གལ་ཆེན་ཡིན།  1936ལོའི་ཟླ་5པར། ཀྲུང་གོའི་བཟོ་ཞིང་དམར་དམག་གི་དཔུང་ཚོགས་གཉིས་པ་དང་དྲུག་པས་རྒྱང་སྐྱོད་བྱས་ཏེ་རྒྱལ་ཐང་དུ་བརྒྱུད་དུས་སྤྱི་ཁང་དུ་བཀོད་འདོམས་པུའུ་བཙུགས་པ་དང་།  ཧོ་ལུང་དང་བཅས་པའི་འགོ་ཁྲོད་དག་གིས་ས་དེར་མི་རིགས་སོ་སོ་དང་ལས་རིགས་ཁག་གི་འཐུས་མི་སོགས་དང་ཐུག་འཕྲད་བྱས་ནས་རྒྱལ་ཐང་གྲོས་ཚོགས་འཚོགས་པ།  2007ལོར།  བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དངོས་གཞི་ལྟར་སྤྱི་ཁང་གི་ཟུར་གཏོགས་འཛུགས་སྐྲུན་བསྐྱར་སྐྲུན་བྱས་པ་དང་སྔོན་གྱི་རྒྱལ་ཐང་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་གི་འགྲེམས་སྟོན་ལེགས་བཅོས་བྱས་ནས་བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་ཞེས་པའི་མིང་བཏགས།  2009ལོའི་ཟླ་7པར་ཀྲུང་གུང་ཡུན་ནན་ཞིང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གནས་གཞི་ཞེས་པའི་མིང་བཏགས་པ་རེད།

4.jpg


རྡོ་མཁར་རྫོང་ནང་གི་སྡོད་མི་ནི་སྔོན་ནས་མི་རིགས་སྣ་མང་བསྡུས་པའི་ཁྱད་ཆོས་ལྡན།  སྟག་ལུང་ལམ་སྡེ་ཁུལ་གྱི་ཨ་མྱེ་དབྱང་ནའེ་ཀྲེང་གི་ཚང་ལ་བོད་རིགས་དང་འཇང་རིགས།  པའེ་རིགས། ལི་སུའུ་རིགས།  རྒྱ་རིགས་བཅས་མི་རིགས་ལྔ་མཉམ་དུ་འཚོ་བ་བྱེད་བཞིན་ཡོད་ལ། མི་གྲངས་30ལྷག་གི་ཁྱིམ་ཚང་ཆེན་པོ་དེའི་མི་རྣམས་ཀྱིས་གཞུང་ཞབས་པ་དང་གསར་འགོད་པ།  དགེ་རྒན་སོགས་ ལས་རིགས་སོ་སོ་ནས་ལས་བྱེད་བཞིན་ཡོད།

5.jpg

 མི་རིགས་སྣ་མང་ཁྱིམ་ཚང་གཅིག་ཏུ་འཆམ་མཐུན་མཉམ་གནས་བྱེད།

མི་རིགས་སོ་སོ་ལ་རང་གི་ཁྱད་ཆོས་ལྡན་པའི་གོམས་གཤིས་དང་རིག་གནས་ཡོད་ལ། མི་རིགས་སྣ་མང་འཛོམས་པའི་ཁྱིམ་ཚང་འདི་འཆམ་མཐུན་ཡིན་དགོས་ན་ཕན་ཚུན་བརྩེ་བཀུར་དང་འདྲ་མཉམ། བཟོད་སྒོམ་བྱེད་དགོས། ངེད་ཁྱིམ་གྱི་མི་རིགས་སོ་སོའི་ནང་མི་ཀུན་གྱིས་ཡུན་རིང་གི་མཉམ་གནས་ཁྲོད་ཕན་ཚུན་བཟོད་སྒོམ་དང་ཡིད་ཆེས་བྱེད་ཡོད་པ་དང་། ཁྱིམ་སྲོལ་ལེགས་པོས་ཁྱིམ་ཚང་གི་ཁོངས་མི་ཀུན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ཞེས་ཨ་མྱེ་དབྱང་ནའེ་ཀྲེང་གིས་ཁྱིམ་ཚང་འཆམ་མཐུན་གྱི་ཉམས་མྱོང་ཤོད།




རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།