ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ་སྐབས་བཅུ་པའི་བྱེད་སྒོ་འགོ་ཚུགས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྟར་གྱི་ཟླ་བ་9་པ་ནི་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་ཡིན་ལ། དེ་རིང་ཞོགས་པར།  བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་སྐབས་བཅུ་པའི་བྱེད་སྒོ་རབ་དང་རིམ་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འགོ་ཚུགས་པ་རེད།

2.jpg

འགོ་ཚུགས་མཛད་སྒོའི་ཐོག  བྱེད་སྒོར་ཞུགས་པའི་འགོ་ཁྲིད་དག་གིས་རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་དཔེ་སྟོན་ལས་ཁུངས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གནས་གཞི་ཁག་དང་པོ་ལ་སྒོ་བྱང་གནང་བ་དང་།  རང་ཁུལ་གྱི་མི་རིགས་སོ་སོའི་འཐུས་མིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གིས་བློ་སེམས་གཅིག་སྒྲིལ་ངང་ཀྲུང་གོའི་ཕུགས་འདུན་སྐྲུན་ཞེས་པའི་བྱེད་སྒོའི་རས་རྟགས་ཐོག་མིང་འགོད་པ།  ད་དུང་བརྙན་རིས་མྱུར་ཕབ་གྱི་ཚུལ་ནས་ཨ་མ་གཅིག་གི་བུ་སྲིང་ཞེས་པ་སོགས་ཀྱི་གླུ་གཞས་ལེན་པ།  དེ་མིན་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་དྲིལ་བསྒྲགས་འགྲེམས་པང་ལ་ལྟ་བ་རེད།

3.jpg

འགོ་ཚུགས་མཛད་སྒོ་མཇུག་བསྒྲིལ་རྗེས།  བྱེད་སྒོར་ཞུགས་པའི་འགོ་ཁྲིད་དང་མི་རིགས་གཟབ་ཆས་སྤྲས་ཡོད་པའི་མི་རིགས་སོ་སོའི་མིང་སྲིང་དག་གིས་ལག་གདང་སྦྲེལ་ནས་ཞབས་བྲོ་འཁྲབ་པ་དང་།  གླུ་གར་གྱི་ཁྲོད་ནས་ཏང་དང་རྒྱལ་ཁབ་ལ་བཅངས་ཡོད་པའི་བརྩེ་དུང་ཟབ་མོ་མཚོན་པ་དང་།  ཕ་ཡུལ་ལ་བཀྲ་ཤིས་སྨོན་འདུན་ཞུ་བ་རེད།

4.jpg

ཤེས་རྟོགས་བྱུང་དོན།  མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བར་ད་དུང་བདེ་ཆེན་དུ་བསྐྱོད་པའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བཅའ་འདྲི་བྱེད་སྒོ་དང་།  ཀྲུང་གོ་གསར་པའི་ལོ་70ཡི་འཁྲུངས་སྐར་བསུ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན་སྐབས་བཅུ་པར་རྟེན་འབྲེལ་ཞུ་བའི་དགོང་ཚོགས།  མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གཏམ་བཤད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད།

5.jpg

6.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།