སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ཡུལ་སྐོར་གྱི་འབྱུང་འགྱུར་གནས་ཚུལ་ཡག་པ།

1.jpg

བྲག་གཡབ་གསོལ་སྟོན་ཁང་དུ་ལྟད་མོར་ཕེབས་པའི་ཡུལ་སྐོར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་སྲུང་སྐྱོང་གི་དམིགས་ཚད་ལ་དམ་པོར་དམིགས་ཏེ་བོད་ཀྱི་རིག་གནས་ཁྱད་ཆོས་ལ་བརྟེན་ནས་དམངས་སྲོལ་དང་།གླུ་གཞས།ཞབས་བྲོ་སོགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་།ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་དང་ལག་བསྟར་ལ་རམ་འདེགས་བྱས་པ།སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་འདེགས་སྐྱོར་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པས་ཡུལ་སྐོར་སྣོད་བཅུད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་སྣེ་ལེན་ཁང་།  མགྲོན་ཁང་སོགས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་ཁེ་ལས་ལ་མཐོང་ཆེན་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་དེ་བཞིན་དཔལ་ཡོན་ལྡན་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སྤེལ་ཡོད།

ལོ་འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཡིན་ཞིང་།ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་ནས།གྲོང་ཁྱེར་བདུན་མཉམ་གཏོད་ལ་དམིགས་ནས།  ཡུལ་སྐོར་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་དང་།  ཡུལ་སྐོར་གྱི་གཙོ་གནད་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རྒྱ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།  

2.jpg

ཡུལ་སྐོར་བས་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཟས་རིགས་ལོངས་སུ་སྤྱོད་པ།

3.jpg

འབའ་ལྷག་དཀར་རྫོང་དུ་ཕེབས་པའི་ཡུལ་སྐོར་བ།

གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།ས་གནས་སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ལས་འགན་དང་པོར་བརྩིས་ནས་དུས་བདེའི་མཛེས་ལྗོངས་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་།   དུས་བདེའི་མཛེས་ལྗོངས་སྐྲུན་རྒྱུ་དམ་འཛིན་བྱས་ནས་ཡུལ་སྐོར་བ་བློ་ཡིད་ཚིམ་པ་བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་ཡོད།    ལས་དོན་ལ་དམིགས་ནས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་དང་།ཡང་ཐང་ཆུ·ལེ་དབར་བཅུ་ཡི་ཧྭ་ཞི་ཞེས་པ་དེ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་མཛེས་ལྗོངས་ཁུལ་དུ་འོས་སྦྱོར་དང་།འབའ་ལྷག་དཀར་རྫོང་དང་། ཤྭ་ཁ་གངས་རི།སུམ་རྩེན་གླིང་མཛེས་ལྗོངས་ཁུལ།  སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་བཅས་དཔལ་ཡོན་མཛེས་ལྗོངས་ཁུལ་དུ་འོས་སྦྱོར་བྱས་ཡོད། 

      ཤེས་རྟོགས་བྱུང་བ་ལྟར་ན། ཟླ་6པ་ནས་བཟུང་སེམས་ཀྱི་ཉི་ཟླའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་སྔོ་ཐིང་ཐིང་གི་རྩྭ་ཐང་མཛེས་ལྗོངས་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགའ་བསུ་བྱེད་ཀྱི་ཡོད། ཟླ་དང་པོ་ནས་བདུན་པའི་བར་སེམས་ཀྱི་ཉི་ཟླས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1044.23སྣེ་ལེན་བྱས་ཤིང་།  ཟླ་7པར་མི་ཐེངས་ཁྲི་351.67སྣེ་ལེན་བྱས་ཡོད།  ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1087753.33ཟིན་པས་གྲོང་ཁྱེར་ཡོངས་ལ་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཀ་ཐོན་ཡོད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།