བདེ་ཆེན་གྱིས་བོད་ཀྱི་གསོ་རིག་དང་བོད་སྨན་གྱི་སྲོལ་ཡིག་ཁྱབ་བསྒྲཊ་བྱས་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲོལ་ཡིག》ཁྱབ་བསྒྲགས་དེ་ཟླ་9པའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ།

ཟླ་9པའི་ཚེས་1ཉིན་ནས་བཟུང་། 《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲོལ་ཡིག》དངོས་སུ་ལག་ལེན་དུ་བསྟར་རྒྱུ་ཡིན་པ་རེད།《སྲོལ་ཡིག》སྔར་ལས་ལག་བསྟར་དང་ཁྱབ་བསྒྲགས་བྱེད་པར་སྐུལ་འདེད་གཏོང་ཆེད།   ཟླ་8པའི་ཚེས་23ཉིན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲོལ་ཡིག》གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་རེད།

《སྲོལ་ཡིག》དེ་2018ལོའི་ཟླ་12པའི་ཚེས་28ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་2019ལོའི་ཟླ་5པའི་ཚེས་16ཉིན་ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པའི་ཐོག་ཆོག་མཆན་ཐོབ་པ་རེད།

བདེ་ཆེན་གྱི་བོད་ལུགས་གསོ་རིག་གི་ལོ་རྒྱུས་རྒྱུན་རིང་ཞིང་བོད་སྨན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།   བོད་ལུགས་གསོ་རིག་ནི་བདེ་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་བདེ་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ལེགས་ཆ་ཡང་རེད།   བདེ་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ལུགས་གསོ་རིག་དང་བོད་སྨན་ལ་དོ་དམ་མ་ལག་དང་ཞབས་ཞུའི་མ་ལག་ཆགས་པ་དང་།བོད་སྨན་སྨན་རྒྱུ་འདེབས་གསོ་རྟེན་གཞི་དང་། བོད་སྨན་ཐོན་རྫས་གསར་བཟོ།   བོད་སྨན་ཐོན་སྐྱེད་ལས་ཁུངས་དང་ཁེ་ལས་སོགས་བཙུགས་ཡོད།  

2.jpg

《སྲོལ་ཡིག》འདི་བཟོས་ནས་ལག་བསྟར་བྱེད་པ་དེས་བདེ་ཆེན་གྱི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་།མི་རིགས་ཁག་གི་མང་ཚོགས་ལ་རིམ་པ་མང་བའི་བོད་ལུགས་གསོ་རིག་གི་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ།མི་དམངས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།     

ཤེས་རྟོགས་བྱུང་བར་གཞིགས་ན། 《སྲོལ་ཡིག》དེར་ཁྱོན་བསྡོམས་ལེའུ་བདུན་དང་དོན་ཚན་ང་གཉིས་ཡོད་པ་དང་།  བོད་ལུགས་གསོ་རིག་གི་ཞབས་ཞུ་དང་། བོད་ལུགས་གསོ་རིག་གི་སྲུང་སྐྱོང་དང་འཕེལ་རྒྱས།བོད་ལུགས་གསོ་རིག་གི་སློབ་གསོ་དང་ཚན་ཞིབ། བོད་ལུགས་གསོ་རིག་གི་འགན་ལེན་དང་རྒྱུན་འཛིན་སོགས་ཕྱོགས་མང་པོའི་ནང་དོན་ཁ་གསལ་བཟོས་ནས་རང་ཁུལ་གྱི་བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།