ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་སྲུང་སྐྱོང་དོ་དམ་གྱི་སྲོལ་ཡིག་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8ཚེས་པའི23ཉིན་གསར་འགོད་པས《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། བདེ་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ལ་སྔར་ལས་ལྷག་པར་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་དགོས་མཁོ་བསྐངས་ཏེ་མི་དམངས་ཀྱི་ལུས་པོའི་བདེ་ཐང་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད། 《སྲོལ་ཡིག》དེ2018ལོའི་ཟླ12བའི་ཚེས་28ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2019ལོའི་ཟླ5བའི་ཚེས16ཉིན་ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བའི་ཐོག་ཆོག་མཆན་ཐོབ་ནས2019ལོའི་ཟླ9བའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》བཏོན་པ་དེས་བདེ་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་སྲུང་སྐྱོང་དོ་དམ་ལས་དོན་དེ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་ནང་ཞུགས་པ་དང་བདེ་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་སྲུང་སྐྱོང་དོ་དམ་ཐད་ཁྲིམས་དང་མཐུན་པའི་བྱ་སྤྱོད་སྤེལ་འགོ་ཚུགས་པ་མཚོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།