ཀྲུང་གོ་བོད་ཀྱི་དྲ་བ།

གནོད་སེལ་དུས་ཐོག་བྱེད།། གནོད་པར་འཇིགས་མི་བྱ།། ཆར་ཆེན་གནམ་ངོ་ཐེད་པ་བཞིན།། ཆུ་ལོག་རབ་བཞུར་སྡུག་བསྔལ་བ།།

ཡོང་ཁུངས། : རྔ་བའི་གསར་འགྱུར་དྲ་བ།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

01.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཝུན་ཁྲོན་རྫོང་དང་། ལིས་རྫོང་། ཝོ་ལུང་དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་གནོད་ཐེབས་ས་ཁུལ་དག་ཏུ། ཆར་ཆེན་གྱི་རྒྱུན་ཡུན་རིང་དུ་མ་ཆད་པས། རི་ཁུལ་གྱི་གཞུང་ལམ་གལ་ཆེན་དག་ཆུས་དེད་པར་མ་ཟད། ལམ་འོག་གི་ཆུ་བཞུར་ལམ་སོགས་ཀྱང་འཚེངས་པར་གྱུར། དེ་དག་ལས། རྔ་ཁུལ་གྱི་མི་རྣམས་འགྲོ་འོངས་བྱ་སའི་ལམ་འགགས་གཙོ་བོར་གྱུར་པ་སྟེ། ཁྲེང་ཏུའུ་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་ནས་མེན་ཁྲི་ཡུལ་ཚོའི་ཞབས་ཞུའི་ས་ཚིགས་བར་དུ་ལེ་དབར་10ཙམ་གྱི་བར་དུ་འདམ་རྡོ་ས་ཁུག་གསུམ་དུ་ཆེ་ཙམ་རུད་འདུག

02.jpg

གནོད་འཚེ་ནི་བཀའ་བཀོད་ཇི་བཞིན་ཡིན་ཏེ། ཉེན་ཚབས་ཆེས་ཆེར་ཆེ་བའི་སྐབས་འདིར། ཁུལ་འགྲིམ་འགྲུལ་ཅུས་ཀྱིས་སི་ཁྲོན་མྱུར་བགྲོད་གཞུང་ལམ་ཀུང་སི་དང་། ཁྲོན་ནུབ་ཀུང་སི། ཞིང་ཆེན་གཞུང་ལམ་གླིང་། ཁུལ་གཞུང་ལམ་དོ་དམ་ཅུས་དང་མཉམ་དུ། ཆུ་ལོག་གིས་བཤིགས་པ་ཚབས་ཆེ་བའི་ཚུའུ་ཐོའུ་པའི་རྨིན་ཅིང་གཙང་བོའི་ཟམ་ཆེན་དང་། ཏན་ཁན་ལིའང་ཙི་ཕུག་ལམ། G213ཏེང་ཅི་ལུང་པའི་ཟམ་ཆེན་དང་། ཐའེ་ཕིང་ཟམ་པ་དཀྱུས་མ། ཀའོ་ཏེན་ཙི་ཟམ་ཆེན་བཅས་སུ་དངོས་ཞིབ་བྱས་པར་མ་ཟད། ཇི་ལྟར་ཞིག་གསོ་དང་འཁོར་རིགས་བགྲོད་ཐབས་ཡོང་མིན་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས།

03.jpg

ཤར་བགྲོད་མྱུར་གཏོང་གི་ཐབས་ཇུས་ལྟར། རིམ་པ་སོ་སོའི་ལས་ཁུངས་རྣམས་ཀྱིས་དེ་མ་ཐག་ཏུ་གནོད་སེལ་རོགས་སྐྱོབ་པ་དང་། འཁོར་རིགས། འཕྲུལ་ཆས། དངོས་ཟོག་བཅས་བསྡུ་རུབ་དང་གྲ་བསྒྲིགས་ཀྱིས་གནོད་ཐེབས་དང་ལམ་ཞིག་པའི་མཚམས་སུ་བསྐྱོད་ཅིང་། ནུས་པ་ཆེན་པོས་གཞུང་ལམ་ཤར་བགྲོད་ཐུབ་པར་བརྩོན་ཅིང་། ཁུལ་ཡོངས་ཀྱི་མང་ཚོགས་རྣམས་བདེ་འཇགས་ངང་འགྲོ་བསྐྱོད་ཐུབ་པར་འགན་སྲུང་ཡོང་ཐབས་བྱས།

04.jpg

              ཆར་ཆེན་གྱི་ཁྲོད་དུ། ཁོ་ཚོ་ནི་དཔའ་ངར་དང་ལྡན་ལ། གནོད་འཚེར་འཇིགས་པ་སྤུ་ཉག་ཙམ་ཀྱང་མི་འདུག ཚ་གདུག་མེ་ལྟར་འབར་ཡང་། ལུས་ཡོངས་རྔུལ་ཆུས་བརླནད་ཀྱང་། ཁོ་ཚོར་ངལ་དུབ་ཀྱི་ཉམས་འགྱུར་ཨེན་ཙམ་མེད། ཁོ་ཚོས་ཉིན་ཞག་མེད་གནོད་སེལ་རོགས་སྐྱོབ་དང་། གཞུང་ལམ་ཤར་བགྲོད་ཐུབ་པར་བརྩོན་བཞིན་གདའོ།། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།