ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་ཡོངས་བསྒྲགས་ཚོགས་འདུའི་བདེ་ཆེན་ཆེད་དོན་ཚོགས་འདུ་ཁུན་མིང་ནས་བསྡུས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་10ཐོག    ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བསྒྲུབས་པའི་བརྗིད་བག་ལྡན་པའི་ལོ་ངོ70  དུས་རབས་གསར་བར་འབད་བརྩོན་བྱེད་པ།     ཡུན་ནན་ཞིང་ཆེན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ནུའུ་ཅང་དང་བདེ་ཆེན་གྱི་ཆེད་དོན་ཚོགས་འདུ་ཁུན་མིང་དུ་འཚོགས་པ་རེད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་བའི་རིང་དུ། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་དང་། ཏང་གི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་ཏུ་བདེ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་གིས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་གངས་ལྗོངས་ས་མཐོར་མི་རིགས་ས་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་བརྗིད་ཆེའི་ལེའུ་བརྩམས་ཡོད་པ་རེད།      ལོ་ངོ70ཡི་རིང་བདེ་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད།          2018ལོར་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1952ལོའི་སྒོར་ཁྲི་663ནས་2018ལོར་སྒོར་དུང་ཕྱུར་217.52བར་འཕར་ཞིང་ལྡབ་3281འཕར་ཡོད་པ་རེད།    1950ལོ་ནས་བཟུང་བདེ་ཆེན་གྱི་GDPཐོག་མཐའ་བར་གསུམ་དུ་མགྱོགས་ཙམ་འཕར་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་16.4%ཟིན་ནས་དཔལ་འབྱོར་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཁུལ་(གྲོང་ཁྱེར)16དང་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་10ཡི་མདུན་གྲལ་དུ་སླེབས་ཡོད།   ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་རིམ་བཞིན་ཁུལ་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་10དང་། སྒོར་དུང་ཕྱུར་50    སྒོར་དུང་ཕྱུར་100བཅས་ཀྱི་སྐས་རིམ་ཆེན་པོ་འགའ་བསྟུད་མར་བརྒལ་ཡོད།  དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཕན་འབྲས་ཐོན་ནས་བདེ་ཆེན་གྱི་གྲོང་ཚོ་དབུལ་པོ་147ལས་107དབུལ་ཐར་བྱུང་བ་དང་། ལོ་3རིང་དབུལ་སྒྲོལ་ཐུབ་མཁན་མི་63412ཟིན་ཡོད།   དབུལ་སྒྲོལ་བྱུང་ཚད་2015ལོའི་ལོ་མཇུག་གི་24%ནས་3.57%བར་ཆག་ཡོད།   2019ལོའི་ཟླ་5པར་ཞིང་ཆེན་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་གཉིས་དབུལ་བོ་ལས་གྲོལ་བར་མཆན་འགོད་བཀའ་ལན་སྤྲད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། 

ལོ་70ཡི་རིང་བདེ་ཆེན་ཁུལ་གྱིས་གཞུང་ལམ་དྲ་བ་དང་། མཁའ་འགྲུལ་དྲ་བ། ནུས་རྒྱུ་དྲ་བ། ཆུ་དྲ།  དྲ་སྦྲེལ་བཅས་གཙོ་གནད་དུ་བྱས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་དང་འགན་ལེན་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། 

ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཆན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།   བདེ་ཆེན་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁུང་ཝུའེ་ཧྭ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་གསར་འགྱུར་ཡོངས་བསྒྲགས་བྱས་པ་རེད།   

ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་བདེ་ཆེན་གྱི་གྲུབ་འབྲས་འགྲེམས་སྟོན་དང་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་རེད།   

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།