ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བདུན་པར་བདེ་ཆེན་སྲོང་བཙན་གླིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མི་ཁྲི7.6ཙམ་ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པར་སྲོང་བཙན་གླིང་མཛེས་ལྗོངས་ཁུལ་གྱིས་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་མི2000ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཁྱོན་བསྡོམས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི7.57ཟིན་ཡོད།

ཡུལ་སྐོར་བྱེད་མཁན་མང་ཤོས་ཀྱི་དུས་ཚིགས་ལ་བསུ་བ་ཞུ་ཆེད། སྲོང་བཙན་གླིང་མཛེས་ལྗོངས་ཁུལ་གྱིས་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ཡོད། 5Aཚད་ལྡན་ཅན་གྱི་འཛུགས་སྐྲུན་བླང་བྱ་གཞིར་བཟུང་། རྨང་གཞིའི་ལྷན་སྦྱར་སྒྲིག་བཀོད་ཕྱོཌ་ཡོངས་ནས་ལེཌ་སུ་བཏང་སྟེ་མཛེས་ལྗོངས་ཁུལ་གྱི་མཚོན་རྟཌ་མཚོན་བྱང་དང་། དགོན་པ་སྔོ་འགྱུར་སྒྱུར་བཀོད་ཀྱི་རྣམ་གྲངས་སོཌ་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུཌ་སྐྲུན་ལག་བསྟར་ཧུར་ཐག་བྱས་ནས་སྲོང་བཙན་གླིང་མཛེས་ལྗོངས་ཁུལ་དུ་ཤེས་དཔལ་དང་། བདེ་ཐང་། ཞི་མཐུན་བཅས་ཀྱི་ཁོར་ཡུག་ཅིག་བཏོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།