ཀྲུང་གོ་བོད་ཀྱི་དྲ་བ།

དུས་རབས་གསར་པར་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཡུན་ནན་ལེའུ་ཧུར་ཐག་རྩོམ་དགོས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

2018ལོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར1952ལོ་ལས་ལྡབ205འཕར་བ་དང་། དབུལ་པོ་འགྱུར་ཚད2012ལོའི་ལོ་མཇུག་གི21.7%ནས5.39%བར་ཆག་པ། ནགས་ཚལ་ཁྱབ་ཚད2012ལོའི50.03%ནས60.3%བར་འཕར་བ་སོགས་ལོ70ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཡུན་ནན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེང་ཧའོ་དང་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་རོན་ཁྲེང་ཧྥ་ཚེས12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་སྐབས“དུས་རབས་གསར་པར་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཡུན་ནན་གྱི་ལེའུ་རྩོམ་རྒྱུའི”འབྲེལ་ཡོད་གནས་ཚུལ་ལ་དམིགས་ནས་གསར་འགོད་པས་བཏོན་པའི་དྲི་བར་ལན་བརྒྱབ་པ་རེད།

ཁྲེང་ཧའོ་ཡིས་ལོ70རིང་ཡུན་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཡུན་ནན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་། 2018ལོར་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི1.8ཙམ་ཟིན་པ་དང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར3700ལྷག་ཙམ་ཟིན་ནས1952ལོ་ལས་ཁག་སོ་སོར་ལྡབ205དང་ལྡབ1988འཕར་ཡོད། འདི་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་ཀྱི་བསྡོམས་འབོར9.2%འཕར་ནས་མགྱོགས་ཙམ་འཕར་བའི་འཕེལ་རྒྱས་ཀྱི་མྱུར་ཚད་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

ཁོང་གིས“དྲ་བ་ལྔའི”རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་བརྒྱུད། ཡུན་ནན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པ་དང་། ཡུན་དབུས་ཆུ་འདྲེན་ལས་གྲྭ་དངོས་སུ་སྐྲུན་འགོ་ཚུགས་པ། ནུས་རྒྱུའི་དྲ་བ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ། མཉམ་འབྲེལ་དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ། ཟོག་འགྲེམས་དྲ་བ་མགྱོགས་མྱུར་བསྐྲུན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་གཤོག་ཟུང་བསྒར་ཡོད། དེ་དང་ཆབས་ཅིག་སྲོལ་རྒྱུན་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་ཕྱིན་པ་དང་གསར་དར་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱུང་ནས་གློག་ཤུགས་དང་། རྡོ་ཐ། རིག་གནས་ཡུལ་སྐོར། དེང་རབས་ཞིང་ལས། སྔོན་ཐོན་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན། སྐྱེ་དངོས་སྨན་རྫས། བདེ་ཐང་ཆེ་མོ་དང་དེང་རབས་ཞབས་ཞུའི་ལས་རིགས་སོགས་ཀ་རྟེན་ལྟ་བུའི་ཐོན་ལས་གྲུབ་པ་དང་འབྲེལ་ལྗང་མདོག་ནུས་རྒྱུ་དང་། ལྷད་མེད་བཟའ་བཅའ། བདེ་ཐང་གི་འཚོ་བ་བཅས་ཀྱི“སྤུས་རྟགས་གསུམ”བཏོད་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རིམ་བཞིན་ཆེ་རུ་ཕྱིན་ཡོད་ཅེས་བཤད།

ཡུན་ནན་གྱིས་ད་དུང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་སོགས་བཀོད་སྒྲིག་གལ་ཆེན་ནང་ཧུར་ཐག་ཞུགས་པ་དང་། འབྲི་ཆུའི་ཟུར་གསུམ་གླིང་དང་། ཧྥན་ཀྲུའུ་ཟུར་གསུམ་ས་ཁོངས། པེ་ཅིང་དང་། ཐེན་ཅིན། ཧོ་པེ། གཡོད་ཀང་ཨའོ་སོགས་ཀྱི་ས་ཁོངས་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་བ། མཐའ་འཁོར་རྒྱལ་ཁབ་དབར་གྱི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་ནང་འབྲེལ་ཕྱི་མཐུད་ཀྱི་སྒྲོག་ཐག་ནུས་པ་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔའི་བར་རྒྱལ་ཁབ་དགུ་དང་ཕྱོགས་གཉིས་སམ་ཕྱོགས་མང་གི་ས་གནས་མཉམ་ལས་ལམ་སྲོལ་བཅུ་གཅིག་བཙུགས་པ་དང་། རིགས་ཆེ་གྲས་བདུན་གྱི་སྒོ་དབྱེ་མཉམ་ལས་ཀྱི་ནུས་པའི་ཁུལ18དང་ཀྲུང་གོ་དང་ལྷོ་ཨེ་ཤེ་ཡའི་དངོས་མང་སྟོན་ཚོགས་སོགས་གཙོ་གནད་སྒོ་དབྱེའི་སྟེགས་བུ་བསྐྲུན་པ་མ་ཟད། ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ས་ཁུལ90ལྷག་ཙམ་ལ་མི་དམངས་ཤོག་སྒོར་གྱི་ལས་སྒོ་གཉེར་ཡོད།

གོམ་སྟབས་རྗེས་མར། ཁྲེང་ཧའོ་ཡིས་ཡུན་ནན་ནས་ཐོན་ལས་ཆེན་པོ་བརྒྱད་དང“སྤུས་རྟགས་གསུམ”ལ་བརྟེན་ནས། 2035ལོར་ཕྱོགས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས། སྒོར་དུང་ཕྱུར་ཁྲི་རིམ་པའི་ཐོན་ལས་དང་། སྒོར་དུང་ཕྱུར་སྟོང་རིམ་པའི་ཐོན་ལས། སྒོར་དུང་ཕྱུར་སྟོང་རིམ་པའི་ཁེ་ལས་བཅས་ཆགས་པ་བྱེད་རྒྱུ་ཡིན་ཞེས་བཤད།

2020ལོར་དབུལ་སྒྲོལ་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་རྒྱུ།

ལོ་རྒྱུས་དང་རང་བྱུང་ས་གཤིས་སོགས་ཀྱི་རྐྱེན་པས། ཡུན་ནན་གྱི་ས་ཁུལ་མང་པོ་ཞིག་དབུལ་པོའི་གནས་སུ་ཡུན་རིང་གནས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཡུན་ནན་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་མཐའ་འཁྱོངས་བྱས་པས། དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

ཁྲེང་ཧའོ་ཡིས་2013ལོ་ནས་2018ལོ་བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན། མི་འབོར་དབུལ་པོ་ཁྲི707དབུལ་སྒྲོལ་བྱུང་བ་དང་། གྲོང་ཚོ་དབུལ་པོ5068དབུལ་སྒྲོལ་བྱུང་བ། རྫོང་དབུལ་པོ48ཀྱི་དབུལ་ཞྭ་ཕུད་ཡོད། འོན་ཀྱང་ཡུན་ནན་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་ཡིན་པ་དང་། ཞིང་ཆེན་ཡོངས་སུ་ད་བར་ད་དུང་མི་འབོར་དབུལ་པོ་ཁྲི181དབུལ་སྒྲོལ་ཐུབ་མེད་ཅིང་། ད་དུང་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ40ཡོད་པས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་སྔར་བཞིན་ལྕི་པོ་ཡོད་ཅེས་བཤད།

2020ལོར་དབུལ་སྒྲོལ་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་ཆེད། ཁོང་གིས་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་དང་འགག་སྒྲོལ་གྱི་འགན་འཁྲི་རིམ་གྱིས་ལག་བསྟར་མཐའ་འཁྱོངས་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་སྒྲོལ་གྱི་ཚད་གཞིར་ནན་པོར་དམིགས་ཏེ་སློབ་གསོ་དང་། སྨན་བཅོས། སྡོད་ཁང་བཅས“འགན་ལེན་གསུམ”དང་འཐུང་ཆུ་བདེ་འཇགས་ཀྱི་དམག་འཐབ་ཡག་པོ་རྒྱག་གི་ཡིན། “སེམས་ཁྲལ་མེད་པ་གཉིས”ཀྱི་གནད་དོན་ཐག་གཅོད་བྱུང་བ་དང་ད་ཆ་གཙོ་གནད་ནི་སྡོད་ཁང་བདེ་འཇགས་དང་། སྨན་བཅོས་འགན་ལེན། སློབ་གསོ་འགན་ལེན་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ། མང་ཚོགས་ཁག་གཅིག་གི་འཐུང་ཆུ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དེ་རེད་ཅེས་བཤད།

ཡུན་ནན་གྱིས་ད་དུང་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་ཐུབ་པར་བྱས་ཏེ་གཙོ་བོ་རྒྱལ་མོ་རྔུལ་ཆུ་ཀྲོའུ་དང་། བདེ་ཆེན་ཁུལ། ཀྲོའུ་ཐུང་གྲོང་ཁྱེར་སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། བྱང་ཚད་མཐོར་གཏོང་། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་སོགས་ཀྱི་གཙོ་གནད་འགག་སྒྲོལ་གྱི་ལས་དོན་སྤེལ་རྒྱུ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་དང་། རོགས་རམ་སྟོབས་ཤུགས། སྲིད་ཇུས་བྱེད་ཐབས། མ་དངུལ་གཏོང་བ་སོགས་ཀྱི་འགན་ལེན་ལ་སྔར་བས་ཤུགས་སྣོན་དང་གནད་སྨིན་ཇུས་བསྟར་བྱ་རྒྱུ་རེད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣོད་བཅུད་རྨང་གཞི་ལེགས་སུ་བཏང་བ།

ཡུན་ནན་ནི་རང་རྒྱལ་ལྷོ་ནུབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡུལ་ཞིག་རེད། 2012ལོ་ནས2018ལོ་བར། ཡུན་ནན་དུ་ནགས་ཚལ་ཁེབས་ཚད50.03%ནས60.3%བར་འཕར་བ་དང་། ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ད་བར98%ཟིན་ཡོད། ཉེ་ཧེར་དང་། ཡུན་ཁྲེ། ཕུའུ་ཤན་མཚེའུ་སོགས་ས་མཐོའི་མཚེའུ་ཆེན་པོ་དགུ་ཡི་ཆུ་སྤུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་འབྲེལ། ཞིང་ཆེན་ཡོངས་ཀྱི90%ཡན་གྱི་དཔེ་སྟོན་སྣོད་བཅུད་མ་ལག་དང85%ཡན་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་སྣ་ཁ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

རོན་ཁྲེང་ཧྥ་ཡིས“སྣོད་བཅུད་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས”ཀྱི་ལམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་དང་། ཚད་གཞི་མཐོ་བ་དང་། ལམ་ལུགས་ནན་པ། ཁྲིམས་འཛིན་ནན་པ། བྱེད་ཐབས་ཏན་ཏིག ཁོར་ཡུག་ལེགས་པ་བཅས་ཀྱི་ལམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཏན་ཏིག་གིས་ཡུན་ནན་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་དམག་ལ་ཧུར་ཐག་སྐྲུན་གྱི་ཡིན་ཞེས་བཤད།

ཁོང་གིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཕྱི་ལོ་ཡུན་ནན་ཁུན་མིང་དུ་འཚོག་རྒྱུ་རེད། འདི་ནི་ཡུན་ནན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་ཞིག་རེད། མིག་སྔར་ཡུན་ནན་གྱིས་རྒྱལ་ཁབ་ཀྱིས་གྲབས་བཙུགས་བྱས་པའི་ཚོགས་ཆེན་གྲ་སྒྲིག་གི་འབྲེལ་ཡོད་རྩ་འཛུགས་ལ་གཞོགས་འདེགས་བྱས་ནས། འབྲེལ་ཡོད་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།